↑ འདི་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་ཡིང་ཧུའེ་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་འབྲུག་རྩེད་རྩེ་ནས་དཔྱིད་གསར་བསུ་བཞིན་པ།
→ ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་སུ“ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག”འབྲི་བའི་བྱེད་སྒོ་སྤེལ་བ་དང་། ས་གནས་འདི་གའི་ཡིག་གཟུགས་མཁས་ཅན་དང་། དམངས་ཁྲོད་རིག་རྩལ་མཁས་ཅན། སློབ་གྲྭའི་དགེ་སློབ་ཁག་གཅིག་བཅས་སྒྲིག་འཛུགས་བྱས་ནས་དཔྱིད་གསར་གྱི་ཆ་ཡིག་བྲིས་ཏེ་རྒྱ་ཆེའི་གྲོང་མིར་ཕུལ་ཞིང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་དཔྱིད་གསར་གྱི་ཆ་ཡིག་སྟོན་བཞིན་པ།
↓ འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་མཱ་ཐོའུ་གྲོང་རྡལ་དུ་འཁྲབ་སྟོན་པ་ཚོས་ཐན་ཁྲེང་རྫོང་མཱ་ཐོའུ་གྲོང་རྡལ་གྱི་ཡུལ་ཟོག་གི་རིག་གནས་བྱེད་སྒོ་སྐབས་དང་པོར་འཁྲབ་སྟོན་བྱེད་བཞིན་པ།
↑ འདི་ནི་གྲོང་མིས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་རྒྱ་མཚོའི་གྲུ་ཁའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་དཔྱིད་གསར་གྱི་མཁོ་ཆས་ཉོ་བཞིན་པ།
↑ སི་ཁྲོན་ཞིང་ཆེན་ལེང་ཀྲུང་གྲོང་ཁྱེར་ལེང་ཀྲུང་གནའ་གྲོང་དུ་དམངས་ཁྲོད་སྒྱུ་རྩལ་པ་དང་རིག་རྩལ་ལས་དོན་པས་རིག་རྩལ་འཁྲབ་སྟོན་བྱས་ནས་ལུགས་རྙིང་ལོའི་དཔྱིད་གསར་བསུས་ཤིང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་འཁྲབ་སྟོན་བྱེད་བཞིན་པ།
↑ འདི་ནི་ཁྲུང་ཆིང་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཡིག་གཟུགས་མཁས་ཅན་དང་། དམངས་ཁྲོད་རིག་རྩལ་མཁས་ཅན། སློབ་གྲྭའི་དགེ་སློབ་ཁག་གཅིག་བཅས་སྒྲིག་འཛུགས་བྱས་ནས་དཔྱིད་གསར་གྱི་ཆ་ཡིག་བྲིས་ཏེ་རྒྱ་ཆེའི་གྲོང་མིར་ཕུལ་བ།