འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཟླ་1ཚེས་1ཉིན་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་ལམ་ལུགས》བཏོན་པའི་ནང་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་ལས་དོན་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་ལམ་ལུགས》ནང་། ཆེད་དོན་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་པ་དང་། ཞབས་ཞུ་འགན་སྲུང་འབྲེལ་མཐུད་ཀྱི་ནང་དོན་ཁ་གསལ་བཟོ་བ། གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་མཛད་སྒོ་གཉེར་བ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལེགས་ཆའི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱེད་པ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རྩ་འཛུགས་ཀྱིས་དོ་ཁུར་དང་གཅེས་སྐྱོང་ལ་མཐོང་ཆེན་བྱེད་པ་བཅས་གཙོ་བོ་ཕྱོགས་དྲུག་གི་ཐད་ནས་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཏན་འབེབས་ཞིབ་ཕྲ་བྱས་ནས་ལས་བྱེད་པ“རྒན་ཡོལ་ཞུ་ཉེར་ཡོད་པ”ནས“རྒན་ཡོལ་ཞུས་རྗེས”ཀྱི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་འབྲེལ་མཐུད་རྒྱུན་མི་ཆད་པ་ཡོང་བར་བྱས་ཡོད།
《བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་ལམ་ལུགས》ནང་། ལས་བྱེད་པ་རྒན་ཡོལ་ཞུས་པའི་ཡིག་ཆ་གཤམ་སྤྲོད་བྱས་རྗེས། གནས་སའི་ཚན་པས་སྤྱིར་བཏང་ཟླ་བ་དྲུག་ནང་ཚུན་ངེས་པར་ལས་བྱེད་པ་གཟི་བརྗིད་ངང་རྒན་ཡོལ་ཞུས་པའི་མཛད་སྒོ་གཉེར་ཏེ་ཚན་པའི་འབྲེལ་ཡོད་འགན་འཁུར་བ་དང་། ལས་རོགས་ཀྱི་འཐུས་མི། ལས་བྱེད་པ་ན་གཞོན་གྱི་འཐུས་མི་བཅས་ཞུགས་དགོས་པ་དང་། གནས་སའི་ཚན་པས་རྒན་ཡོལ་ཞུ་བའི་ཆ་རྐྱེན་འཛོམས་པའི་ལས་བྱེད་པར་རྒན་ཡོལ་ཞུ་བའི་འགྲོ་ལུགས་དུས་ཐོག་གཉེར་བ་དང་རྟག་ཏུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་འབྲེལ་བ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩ་འཛུགས་ཀྱིས་དོ་ཁུར་དང་གཅེས་སྐྱོང་ལ་མཐོང་ཆེན་བྱེད་དགོས། རྒན་ཡོལ་ཞུས་མ་ཐག་པའི་ཏང་ཡོན་ལས་བྱེད་པ་དེ་མཚུངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོའི་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཀྲི་པུའུ་གཞན་ལ་དུས་ཐོག་ཏུ་བཅུག་སྟེ། རྒན་ཡོལ་ཞུས་མ་ཐག་པའི་ལས་བྱེད་པས་ཚན་རིག་དང་མཐུན་པའི་སྒོ་ནས་རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྡེ་ཚན་དང་རང་རྟོགས་ངང་འབྲེལ་བ་བྱས་ཏེ་རྒན་ཡོལ་ཞུས་མ་ཐག་པའི་ལས་བྱེད་པར་ཞབས་ཞུ་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་བློ་ཆབ་སྲིད་ལ་སྣེ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས་པ་སོགས་ཀྱི་གཏན་འབེབས་ཁ་གསལ་བཟོས་ཡོད།
《གཏན་འབེབས》འདི་བོད་རང་སྐྱོང་ལྗོངས་ཀྱི་རྒན་ཡོལ་ཞུས་མ་ཐག་པའི་གཞུང་ལས་པ་དང་། གཞུང་ལས་པའི་བཅའ་ཁྲིམས་ལ་གཞིགས་ནས་བབ་བསྟུན་ངང་དོ་དམ་བྱ་ཡུལ་ལ་སྤྱོད་རྒྱུར་འཚམས་ཤིང་། རྒན་ཡོལ་ཞུས་མ་ཐག་པའི་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་མིར་བབ་བསྟུན་གྱིས་ལག་ལེན་བསྟར་ཆོག
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)