《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月15日

སྒྲིག་སྲོལ་གསར་པ་གལ་ཆེན་འདི་དག་ ད་ལོ་ནས་ལག་ལེན་བསྟར་རྒྱུ།

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་དང་། གཏིང་ཟབ། ཡུན་རིང་། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བར་འགན་ལེན་དང་སྐུལ་འདེད་གཏོང་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་དང་། གཏིང་ཟབ། ཡུན་རིང་། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བར་འགན་ལེན་དང་སྐུལ་འདེད་གཏོང་རྒྱུ།

ན་སོ་དར་ལ་མ་བབས་པའི་མིར་དྭངས་གཙང་གི་

དྲ་རྒྱའི་བར་མཐོངས་གཏོད་པ།

《ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་སྲོལ་ཡིག》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་ཆེད་དམིགས་རང་བཞིན་གྱི་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་གི་ཕྱོགས་བསྡུས་ཁྲིམས་འཛུགས་ཐོག་མ་དེ་ཡིན།

སྨན་རྫས་ཚོང་གཉེར་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཧྲིལ་པོར་ལྟ་འདོམས་བྱེད་

ཤུགས་ཆེ་རུ་གཏོང་བ།

《སྨན་རྫས་ཚོང་གཉེར་དང་བེད་སྤྱོད་ཀྱི་སྤུས་ཚད་ཀྱི་ལྟ་འདོམས་བྱ་ཐབས》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་འཛུགས་རྒྱུ།

སྲིད་འཛིན་བསྐྱར་གྲོས་ཀྱི་དམངས་ཕན་

བྱ་ཐབས་ལ་ཤུགས་སྣོན་རྒྱག་པ།

བཟོ་བཅོས་བརྒྱབ་ཟིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་འཛུགས་རྒྱུ།

ཕྱི་ཕྱོགས་དང་འབྲེལ་བའི་དམངས་དོན་གཏུག་བཤེར་གྱོད་དོན“སྐྱེལ་སྤྲོད་དཀའ་བའི་གནད་དོན”

ཐག་གཅོད་ཧུར་ཐག་བྱེད་པ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་འཛུགས་རྒྱུ།

རྒྱ་མཚོའི་ཁོར་ཡུག་གི་ལྟ་འདོམས་ལམ་ལུགས་

འཛུགས་པར་སྐུལ་འདེད་གཏོང་བ།

བཟོ་བཅོས་བརྒྱབ་ཟིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་འཛུགས་རྒྱུ།