《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月15日

དགུ་ཐུག་ཞིམ། འཚོ་བ་སྐྱིད།

ཟླ་1ཚེས་10ཉིན་ནི་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་སྟེ། བོད་ལྗོངས་གཞིས་རྩེའི་ཁུལ་གྱི་སོ་ནམ་ལོ་གསར་གྱི་དགུ་ཐུག་ཡིན།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀླུ་མ་ཚལ་སྡེ་ཁུལ་དུ། ལོ་59ལ་སླེབས་པའི་པ་སངས་བུ་ཁྲིད་ཀྱིས་དགུ་ཐུག་བསྐོལ་ཞིང་། ཁོང་གིས“འདི་ལོ་ནི་སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་ལོ་གསར་དང་པོ་ཡིན་པས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

2023ལོར། པ་སངས་བུ་ཁྲིད་ཀྱི་སྡོད་ཁང་གསར་པ་མཛེས་བཟོ་བྱས་ཚར་ཞིང་། ཐོག་སོ་གསུམ་ཅན་གྱི་བོད་བཟོའི་ཁང་པའི་ཕྱི་ནང་ཚང་མ་གད་ཕྱིས་བརྒྱབ་ནས་གཙང་ཐིང་ངེར་གནས་འདུག འདི་ནི་པ་སངས་བུ་ཁྲིད་ཀྱིས་དགུ་ཐུག་བླུག་བཞིན་པ།