ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཙུགས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ཕྱོགས་བསྡུས་དྲ་བའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་600ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བསྐྲུན་ཚད་78.6%ཙམ་ཟིན་པ་དང་སྒྲོམ་གཞི་གཙོ་བོའི་ལམ་ཐིག་བསྐྲུན་ཚད་87%ཙམ་ཟིན་ཡོད།
ལོ་བཅུའི་རིང་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་དང་། མྱུར་བགྲོད་གཞུང་ལམ་གྱི་དྲ་བ། འཛམ་གླིང་རིམ་པའི་གྲུ་ཁའི་ཚོམ་བུ་བཅས་ཆེ་ཤོས་བསྐྲུན་ཟིན་པ་དང་། མཁའ་འགྲུལ་དང་མཚོ་འགྲུལ་གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་ཡོད། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་གོའི་ལམ། ཀྲུང་གོའི་ཟམ་པ། ཀྲུང་གོའི་གྲུ་ཁ། ཀྲུང་གོའི་མྱུར་སྐྱེལ་བཅས“ཀྲུང་གོའི་མིང་བྱང”ཡག་ཤོས་སུ་གྱུར་ཡོད།
ལོ་བཅུའི་རིང་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་མི་འབོར་ཁྲི་20ཡན་གྱི་གྲོང་ཁྱེར་ལ་ཁྱབ་ཚད་95%ལྷག་ཙམ་ཟིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དུས་ཚོད་དང་ལམ་ཐག་ཐུང་དུ་ཕྱིན་པ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་དང་འགྲུལ་བཞུད་བྱེད་ཚད་མགྱོགས་སུ་ཕྱིན་ཏེ། ནང་མཁོ་རྒྱ་ཆེར་གཏོང་བ་དང་། བརྟན་པོ་འཕར་བ། དམངས་འཚོ་འགན་ལེན་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
2023ལོ་ནི་ལོ་གསུམ་རིང་གི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་རེད། རྒྱལ་ཁབ་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་སྔར་བས་ཁ་གསལ་དུ་ཕྱིན་པ་དང་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་ཆེ་རུ་ཕྱིན་ཡོད།
ལོ་བཅུའི་རིང་རང་རྒྱལ་གྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་112རིང་དུ་ཕྱིན་ཡོད། 2022ལོའི་ལོ་མཇུག་བར་རང་རྒྱལ་གྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་535ཟིན་པ་དང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་17.7ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། རྒྱལ་ལམ་སྤྱིར་བཏང་གི་རིམ་པ་གཉིས་པ་དང་དེ་ཡན་གྱི་བསྡུར་ཚད་བཟུང་ཚད་དང་བཏིང་བའི་ལམ་ངོས་ཀྱི་བསྡུར་ཚད་བཟུང་ཚད་80%དང་99%སོ་སོར་ཟིན་ཏེ། ལོ་བཅུའི་གོང་དང་བསྡུར་ན་10%ཙམ་དང་13%ཙམ་སོ་སོར་འཕར་ཡོད།
(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)