འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི་རྒྱལ་ལམ་349ཡི་སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་བའི་ལམ་ཐིག་མཉམ་སྤྱོད་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ནོར་རིན་རྒྱལ་གྱིས་བྱེད་སྒོའི་ས་གནས་ས་ཐོག་ཏུ་རྒྱལ་ལམ་349ཡི་ལམ་ཐིག་ལ་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཧ་ཅང་མང་པོ་ཡོད། དེ་ནི་རང་བྱུང་ཡུལ་ལྗོངས་ཐུན་མོང་མིན་པ་དང་། མི་ཆོས་ཀྱི་ཡུལ་སྲོལ་གོམས་གཤིས་དམིཌ་བསལ་ལྡན་པ། སྔོ་ལྗང་ཞིང་ཁའི་མཛེས་སྡུག་ཕུན་སུམ་ཚོཌ་པ། གསར་བརྗེའི་ཐོན་ཁུངས་རྩ་ཆེན་ལྡན་པ། སྒེར་གྱི་རླངས་འཁོར་བཏང་ནས་འགྲོ་སའི་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་ལ། ཇ་རྟའི་གནའ་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ལམ་དང་ཐང་བོད་གནའ་ལམ་གྱི་བགྲོད་ལམ་གལ་ཆེན་གྲས་ཤིག་ཀྱང་ཡིན་པས། རང་བྱུང་ཁམས་ཀྱི་མཛེས་སྡུག་དང་མི་ཆོས་ཀྱི་སྙིང་བཅུད་བསྡུས་ཡོད་པས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ནུས་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
རྒྱལ་ལམ་349ཡི་སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་བའི་ལམ་ཐིག་མཉམ་སྤྱོད་ཚོགས་འདུས“ཇ་རྟའི་གནའ་ལམ། ངོ་མཚར་འཚོལ་བ”བརྗོད་གཞིར་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བར་རྒྱལ་ལམ་349ཡི་ལམ་ཐིག་གི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱས་པ་རེད།
གསར་འགོད་པར་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱུང་བར། རྒྱལ་ལམ་349ཡི་སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་བའི་ལམ་ཐིག་གི་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ཐོན་ཁུངས་གཙོ་བོའི་གྲས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་། ཧོར་ཁང་གཞིས་ཀ འབྲི་གུང་མཐིལ། གཏེར་སྒྲོམ་ཆུ་ཚན། བོད་ཀྱི་འཇའ་གནས་གཡུ་མཚོའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་། འདོད་འབྱུང་གྲོག་རོང་ཆེན་པོ། སྟག་རྫོང་རྗེས་ཤུལ། ཤར་གངས་ལའི་འཁྱག་རོམ་སོགས་ཚུད་པ་རེད།