རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་རྒྱལ་ཁབ་ཀྱི་འགོ་ཁྲིད་སྐབས་གསར་པ་བདམས་པ། ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ།
“རིགས་ཁ་པར་དོ་དམ་བྱེད་ཐབས་ཁ་པའི”རྒྱུན་རྣམ་ཅན་གྱི་འགོག་ཟོན་དུས་མཚམས་སུ་བརྟན་པོའི་ངང་སླེབས་པ། རང་རྒྱལ་ལ་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ནས་ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱུང་བ།
“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བ། “རྒྱུད་གཅིག་ལམ་གཅིག” གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
རང་རྒྱལ་གྱིས་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་བདེ་བླག་ངང་གཉེར་བ།
2023ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་རྒྱ་མ་དུང་ཕྱུར་13908ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
རང་རྒྱལ་གྱི་བྱང་རྒྱུད་དང་བྱང་ཤར་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་བབས་ནས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་པ། ཀྲུང་དབྱང་གིས་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1འཕར་མ་བཏང་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ།
རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཁྱབ་ཁོངས་མང་པོའི་ཚན་རྩལ་གསར་གཏོད་ལ་ཚད་བརྒལ་བྱུང་བ།
དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག
ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།