ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ནས་ས་གནས་དེ་གའི་ཚགས་ཤ་ཚོང་ཟོག་ཏུ་འགྱུར་ཚད་མང་དུ་དང་ས་གནས་དེ་གའི་ཁྱད་ལྡན་ཞིང་ཟོག་ཐོན་རྫས་མཁོ་སྤྲོད་མུ་མཐུད་མང་དུ་བཏང་ནས་རྒྱ་ཆེའི་གྲོང་མིའི་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཆེད། འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། སྟག་རྩེ་ཆུས། ཆུ་ཤུར་རྫོང་། སྙེ་མོ་རྫོང་བཅས་ཀྱི་ཚགས་ཤའི་རིན་གོང་གཅིག་གྱུར་དུ་རྒྱ་མ་རེར་སྒོར་36བྱས་ནས་འཚོང་བཞིན་ཡོད་པར། སྔོན་དཔག་བྱས་ན་སྲིད་གཞུང་ནས་ཁ་གསབ་སྤྲོད་ཚད་སྒོར་ཁྲི་48ཟིན་ཡོད་པ་རེད། སྲིད་གཞུང་གི་ཁ་གསབ་རོགས་དངུལ་དོན་ཐོག་ཏུ་ཡག་པོ་འཁྱོལ་ཆེད། གྲོང་མིས་ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱས་ནས་ཚགས་ཤ་ཉོ་དགོས་ཀྱི་ཡོད་ཅིང་། འདི་ནི་ཚོང་གཉེར་གྱི་ལག་ཁྱེར་ཡོད་པའི་འདམ་གཞུང་རྫོང་གི་ཚགས་ཤ་འཚོང་ཡུལ་ནས་ཚགས་ཤ་འཚོང་བཞིན་པ།