《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月05日

ཐོས་བསམ་མྱོང་རྟོགས་ཀྱིས་དགོངས་པ་གསར་པ་སློབ་སྦྱོང་བྱེད། ནུས་སེམས་གཅིག་སྒྲིལ་གྱིས་འགན་འཁྲི་ཕྲག་ཏུ་ཡག་པོ་འཁུར།

—— སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་2023ལོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

2023ལོ་ཚུན། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོད་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “བྱང་བྱ་ཁག་ལྔ”དོན་འཁྱོལ་དང“གསར་པ་ལྔ”གོང་མཐོར་གཏོང་བ་མངོན་འགྱུར། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་སྒྲིག་འཛུགས་བྱེད་ནུས་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་གང་ལེགས་འདོན་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་མཐུན་སྒྲིལ་འབད་འཐབ། གཞུང་འཁྱོངས་གསར་འབྱེད་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་པ།

སྲིད་གྲོས་སྐབས་གསར་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩི་བ་དང་། “རྒྱང་ལྟའི་རང་བཞིན”ལ་སྣང་ཆེན། “ཁྱད་ཆོས”འབུར་ཐོན། “དབྱེ་འབྱེད་ངོས་འཛིན”ལ་སྟངས་འཛིན། སྔ་ཙམ་ཇུས་འགོད་དང་། སློབ་སྦྱོང་གཏིང་ཟབ། ལས་དོན་སྒྲུབ་པར་ཤུགས་རྒྱག་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིལ་སྲོལ་ལམ་ལུགས་འཛུགས་པ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པ། ཚད་མཐོའི་མཐོང་ཆེན་དང་། ཚད་གཞི་དང་ཡང་ཡང་སྡུར་བ། གནད་དོན་ལ་ཐད་ཀར་དམིགས་པ། དམ་འཛིན་ཏན་ཏིག སྤུས་ལེགས་ནུས་ཆེ་བཅས་བྱས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།

ནུས་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ།

སྲིད་གྲོས་སྐབས་གསར་པས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། “འབྲེལ་གཏུག་བཞིའི”ལམ་སྲོལ་གསར་གཏོད་ཀྱིས་འཛུགས་པ། ལྷག་བསམ་རྣམ་དག་ངང་གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་པ། ཏང་ཡོན་ཨུ་ཡོན་དང་ཏང་ཕྱིའི་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན། ཨུ་ཡོན་དང་ཨུ་ཡོན། ཨུ་ཡོན་དང་རིགས་ཁོངས་ཀྱི་མང་ཚོགས་བཅས་འབྲེལ་གཏུག་བྱེད་པའི་ཆ་སྒྲིག་1800ལྷག་ཙམ་བཅས་བྱས་ཡོད། སྙིང་གཏམ་ཤོད་རེས་དང་འཚམས་འདྲི་ཞུ་བ་སོགས་བརྒྱུད་མཛའ་གྲོགས་ཟབ་ཏུ་བཏང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད། ཨུ་ཡོན་གྱི་གཏམ་རྒྱུད་ཁག་130ལྷག་ཙམ་བསྡུ་རུབ་དང་རྩོམ་སྒྲིག་འགྲེམས་སྤེལ་བྱས་ནས་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པ་བརྒྱུད“གཏམ་རྒྱུད་བརྗོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཞིང་ལས་དང་གྲོང་གསེབ་རིགས་ཁོངས་ཀྱི་རིམ་གསུམ་སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པའི“གྲོང་ཚོའི་ལོ་རྒྱུས”དང“ཁྱིམ་ཚང་གི་ལོ་རྒྱུས”བརྗོད་པའི་བྱེད་སྒོ་འཚོལ་ཞིབ་བྱས་ནས་སྤེལ་ཏེ། ཏང་གི་སྲིད་ཇུས་བཟང་པོ་དང་གསུང་སྒྲ་སྙན་པོ་གངས་ལྗོངས་ས་མཐོར་ཁྱབ་པར་བྱས་ཡོད།

ལྟེ་བར་དམིགས་ནས་འགན་འཁུར་ཕོད་པ།

སྲིད་གྲོས་སྐབས་གསར་པས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོ་དང་ངེས་གནས་ལ་སྟངས་འཛིན་བྱས་ནས་མི་དམངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་རྩ་དོན་དང་སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ལ་ཕྱོགས་གཉིས་ནས་ཤུགས་རྒྱག་པའི་འགན་སྒྲུབ་བླང་བྱར་གཞི་ཚུགས་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལོ་འཁོར་གྱི་གྲོས་མོལ་ལས་དོན་གྱི་འཆར་གཞི་བཟོ་བ་དང་ལག་ལེན་བསྟར་བ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཀྱི་འདྲི་གཞི་དང་གྲོས་མོལ་གྱི་གྲོས་དོན་ལ་དམིགས་པ། གཞི་རིམ་གྱི་འཐབ་ས་དང་པོར་བརྟག་ཞིབ་ཐེངས་51བྱེད་པར་སྐྱོད་པ་དང་། བརྟག་ཞིབ་སྙན་ཞུ་36འགྲུབ་པ། ཉམས་མྱོང་དང་བྱེད་སྟངས་ཁག་75དང་བསམ་འཆར་དང་གྲོས་འགོ་ཁག་152བསྡུ་ལེན་བཅས་བྱས་ཡོད།

དམངས་ཆེད་འགན་སྒྲུབ་ཀྱིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ།

སྲིད་གྲོས་སྐབས་གསར་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་ཏེ། བརྟག་ཞིབ་གྲོས་མོལ་གཏིང་ཟབ་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་རམ་འདེགས་བྱས་ཡོད།

“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་དང“ཕུའུ་ཅང་གི་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་ཧུར་ཐག་བསྟར་བ། “བྱ་བ་དངོས་སྒྲུབ་པ”དང་། “གཞི་རིམ་དུ་བཅར་འདྲི་དང་སྣེ་ལེན་དང་ལེན” རིམ་བཞིའི་སྲིད་གྲོས་ཨུ་ཡོན“གཞི་རིམ་དུ་སྐྱོད་པ་དང་། གྲོགས་པོ་སྒྲིག་པ། བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ། ཡུལ་བབ་དང་དམངས་འདུན་ཞུ་བ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སེམས་ནུས་ཡོད་རྒུས་མང་ཚོགས་ལ་དཀའ་གནད་སེལ་བ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཡོད།

རྨང་རྩ་གཉིས་བརྟན་གྱིས་བྱང་ཚད་མཐོ་རུ་བཏང་བ།

སྲིད་གྲོས་སྐབས་གསར་པས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས་དང་། སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“དཔེ་སྟོན་དྲུག”སྣེ་ཁྲིད་དེ་ལག་ལེན་བསྟར་བས། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པའི་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།

དེ་དང་དུས་མཚུངས། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་བཏོན་ཏེ“ཨུ་ལྷན་གཅིག་ལ་སྤུས་རྟགས་རེའི”འགན་སྒྲུབ་སྤུས་རྟགས་དང“ཀྲི་པུའུ་གཅིག་ལ་ཁྱད་ཆོས་རེའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པར་སྐུལ་འདེད་བཏང་ཡོད། ཨུ་ཡོན་གྱི་བྱེད་པོའི་ནུས་པ་བཏོན་ནས་གསར་དུ་བསྐོས་པའི་སྲིད་གྲོས་ཨུ་ཡོན་གྱི་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སོགས་སློབ་སྦྱོང་དང་རྟོག་ཞིབ་ཀྱི་གསོ་སྦྱོང་རབ་དང་རིམ་པ་བྱས་ཏེ་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་མ་སྒྲུབ་པའི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་འཕེལ་བར་བྱས་ཡོད། ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་ནུས་པ་འདོན་པ་དང་ཟླ་རེའི་བཀོད་གཏོང་ལས་ཀའི་ལམ་སྲོལ་བཙུགས་ནས་ལས་ཁུངས་ཀྱི་ལས་ཀ་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། འགན་འཁྲི་ཅན་བཅས་ལ་སྐུལ་འདེད་བཏང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བོད་ལྗོངས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོའི་ལེགས་ཆ་གང་ལེགས་བཏོན་ནས་མི་སེམས་དེ་བས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་དེ་བས་བརྟན་པོ་ཡོང་བ་དང་། བསམ་བློ་གཅིག་ཏུ་གཏོང་བ་དང་ཤུགས་གཅིག་ཏུ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།

(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)