ཉེ་ཆར། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་མཉམ་དུ“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་སྐོང་འཁྲབ་བྱས་པ་རེད།
ད་ཐེངས་ཀྱི་འཁྲབ་སྟོན་ནང་ཞབས་བྲོ《ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད》ཅེས་པ་དང་། 《ནང་མ་སྟོད་གཞས》 མཉམ་གཞས《ཉི་མའི་འོད་ཟེར་མཐའ་མཚམས་སུ་འཕྲོས》 སྙན་ངག་གྱེར་འདོན《གངས་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་པ》སོགས་ལེ་ཚན་བཅུ་ལྷག་ཙམ་ཡོད་པ་རེད། དེའི་ནང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱིས་འཁྲབ་པའི་སྣང་ཚུལ་ཟློས་གར《ག་རེ། གྲོང་ཚོར་མི་ཚོང་རྒྱག་མཁན་སླེབས་འདུག་གམ》ཞེས་པར་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། ས་གནས་ས་ཐོག་ཏུ་འཁྲབ་སྟོན་པ་ཚོས་སྤྲོ་སེམས་ཆེན་པོ་དང་ལྷག་བསམ་ཟོལ་མེད་ཀྱིས་འཁྲབ་སྟོན་བྱས་པར་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་བར་མེད་ཐོབ་ནས་མཚན་ཚོགས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ཡོད།
འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།