ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་འགྲེམས་སྟེགས་འཛུགས་སྐྲུན་ལས་དོན་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཟླ་4ཚེས་13ནས་18ཉིན་བར་ཧའེ་ནན་ཞིང་ཆེན་དུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ་59ཡི་སྤུས་རྟགས་3000ལྷག་ཙམ་འགྲེམས་སྟོན་ལ་ཞུགས་རྒྱུ་རེད། འདི་ནི་ཟླ་4ཚེས་8ཉིན་པར་བླངས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཚོགས་ར་གཙོ་བོ་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཡིན་པ།