02

2023ལོའི་མྱུར་སྐྱེལ་ཞབས་ཞུར་བློ་ཡིད་ཚིམ་ཚད་དང་དུས་བཀག་ནང་འབྱོར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ། 2024年04月11日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་འཚོགས་པའི་2024ལོའི་དུས་ཚིགས་གཉིས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་མྱུར་སྐྱེལ་ཞབས་ཞུར་བློ་ཡིད་ཚིམ་ཚད་དང་དུས་བཀག་ནང་འབྱོར་ཚད་མཐོ་རུ་ཆེས་ཆེར་ཕྱིན་པའི་ཁྲོད། མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་བློ་ཡིད་ཚིམ་ཚད་ཀྱི་སྐར་གྲངས་དང་ཆུ་ཚོད་72ནང་བསྐུར་མ་འབྱོར་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

བློ་ཡིད་ཚིམ་ཚད་བརྟག་དཔྱད་བྱས་འབྲས་ལས་མངོན་པར། 2023ལོར་མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་བློ་ཡིད་ཚིམ་ཚད་ལ་སྐར་མ་84.3ཐོབ་པ་དེ་2022ལོ་ལས་སྐར་མ་0.9འཕར་ཡོད། གདེང་འཇོག་དང་འབྲེལ་བའི་རིམ་པ་གཉིས་པའི་དམིགས་ཚད་ཁག་5ལ་བློ་ཡིད་ཚིམ་ཚད་དེ་2022ལོར་ཆ་སྙོམས་མཐོ་རུ་ཕྱིན་པའི་ཁྲོད་བདག་སྤྲོད་དང་། བསྡུ་ལེན། བསྐུར་བ། ཕྱིར་ཚོང་རྗེས་ཀྱི་ཞབས་ཞུ། ཆ་འཕྲིན་གྱི་ལྷུ་ཚིགས་བཅས་ལ་བློ་ཡིད་ཚིམ་ཚད་སྐར་མ་89.5དང་། སྐར་མ་88.7 སྐར་མ་85.3 སྐར་མ་76.3 སྐར་མ་84.5བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་སྐར་མ་0.4དང་། སྐར་མ་0.4 སྐར་མ་0.9 སྐར་མ་1.8 སྐར་མ་0.8བཅས་སོ་སོར་འཕར་ཡོད།

མྱུར་སྐྱེལ་དུས་བཀག་ནང་འབྱོར་ཚད་ཚོད་ལྟ་བྱས་འབྲས་ལས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་གཙོ་གནད་ས་ཁུལ་གྱི་མྱུར་སྐྱེལ་ཞབས་ཞུ་ཧྲིལ་པོའི་དུས་ཚད་ཆུ་ཚོད་56.42ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་2.40ཐུང་དུ་ཕྱིན་ཡོད། ཆུ་ཚོད་72ནང་བསྐུར་མ་འབྱོར་ཚད་80.97%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.15འཕར་ཡོད། ལྷུ་ཚིགས་ཀྱི་དབྱེ་བའི་ངོས་ནས་བརྗོད་ཚེ། བསྐུར་ཡུལ་གྱི་ཐག་གཅོད་ལྷུ་ཚིགས་ཀྱི་ཆ་སྙོམས་དུས་ཚད་ཆུ་ཚོད་7.60ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་0.04རིང་དུ་ཕྱིན་པ་དང་། སྐྱེལ་འདྲེན་ལྷུ་ཚིགས་ཀྱི་ཆ་སྙོམས་དུས་ཚད་ཆུ་ཚོད་35.51ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་1.32ཐུང་དུ་ཕྱིན་པ། འབྱོར་ཡུལ་གྱི་ཐག་གཅོད་ལྷུ་ཚིགས་ཀྱི་ཆ་སྙོམས་དུས་ཚད་ཆུ་ཚོད་10.08ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་0.68ཐུང་དུ་ཕྱིན་པ། བསྐུར་བའི་ལྷུ་ཚིགས་ཀྱི་ཆ་སྙོམས་དུས་ཚད་ཆུ་ཚོད་3.24ཟིན་པ་དེ་དུས་མཚུངས་ལས་ཆུ་ཚོད་0.43ཐུང་དུ་ཕྱིན་པ་བཅས་རེད།