འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། ཞིང་ལས་གྲོང་གསེབ་པུའུ། ཚོང་དོན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྩིས་བཤེར་ཧྲུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་ལོར་ལྟ་འདོམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་བསྡོམས་རྩིས་ཅུས། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལས་འཛིན་ལྷན་ཚོགས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས། ཧྲང་ཧའེ་འཛིན་ལོར་ཉོ་ཚོང་ཁང་། ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་ཁང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་ཀྲུང་ཤིན་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་སྲོག་རྟེན་འགན་བཅོལ(ཚོགས་པ)ཀུང་སི། ཀྲུང་གོ་ཞི་བདེ་རྒྱ་མཚོའི་འགན་བཅོལ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཀུང་སི་སོགས་ཚན་པ་34ཡི་ཏང་ཨུད(ཏང་ཙུའུ)ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)