2024ལོའི་ཟླ་4ཚེས་6ཉིན། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲུའུ་ཧྲན་རྫོང་ལེ་ཀུའུ་གྲོང་རྡལ་དུ་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་རྒྱལ་སྤྱིའི་ཕྱི་སྦྱོང་སློབ་མ་ཚོས་ཀྲུའུ་ཧྲན་རྫོང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་ཁུལ་ཡིན་པའི་ལེ་ཀུའུ་གྲོང་རྡལ་ཤིས་ཧོ་གྲོང་ཚོར་བསྐྱོད་དེ་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་རེད། ཕྱི་སྦྱོང་སློབ་མ་ཚོས་ཇ་ལོ་འཐུ་བའི་ལས་ཀ་ཉམས་ལེན་བྱས་པ་མ་ཟད། ད་དུང་ཇ་ལོ་བརྔོ་མཁན་གྱི་མཛུབ་ཁྲིད་འོག་ཇ་ལོ་བརྔོ་བའི་ལས་ཀའང་བྱས་པ་རེད། ཟླ་4ཚེས་6ཉིན་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲུའུ་ཧྲན་རྫོང་ལེ་ཀུའུ་གྲོང་རྡལ་ཤིས་ཧོ་གྲོང་ཚོར་ཕྱི་སྦྱོང་སློབ་མས་ཇ་ལོ་འཐུ་བའི་ལས་ཀ་ཉམས་ལེན་བྱེད་བཞིན་པ།