འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འབར་འགོག་གློག་སྐུད་དང་གློག་ཐག་སོགས་ཐོན་རྫས་ལ་བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་ཀྱི(CCCབདེན་དཔང་ར་སྤྲོད)དོ་དམ་བྱ་རྒྱུའི་སྤྱི་བསྒྲགས་སྤེལ་བ་རེད། བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་བྱེད་པ་ནི་རང་རྒྱལ་སྲིད་གཞུང་གིས་ཚོང་ར་ཅན་དང་རྒྱལ་སྤྱི་ཅན་གྱི་རྩ་དོན་ལྟར་མི་ལུས་བདེ་ཐང་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཐོན་རྫས་ལ་ལག་བསྟར་བྱེད་པའི་ཁྲོམ་རའི་ཞུགས་འཐུས་ལམ་ལུགས་ཤིག་རེད། མིག་སྔའི་བར་རང་རྒྱལ་གྱི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དཀར་ཆག་ནང་ཁྱིམ་སྤྱོད་གློག་ཆས་དང་། གློག་རྡུལ་སྒྲིག་ཆས། རླངས་འཁོར་སོགས་ཚུད་པའི་རིགས་ཆེ་གྲས་16གི་ཐོན་རྫས་སྣ་ཁ་100ལ་ཁྱབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་ཐོན་རྫས་རིགས་8དང་འབྲེལ་བ་ཡོད་པའི་ཁྲོད་དམའ་གནོན་གློག་གི་ལྷུ་ལག་ཆེ་གྲས་དང་གཙོ་གྲས་ལ་CCCརང་ངོས་གསལ་བསྒྲགས་ནས་ཕྱོགས་གསུམ་པའི་གདེང་འཇོག་བྱེད་སྟངས་སླར་གསོ་བྱས་པ་དང་། ཐོན་རྫས་རིགས་གཞན་7ལ་CCCབདེན་དཔང་ར་སྤྲོད་བྱེད་པ་དང་གཙོ་བོ་ཉེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་ནས་བདེ་འཇགས་སྤུས་ཚད་ཀྱི་གནད་དོན་མངོན་གསལ་དོད་པའམ་ཡང་ན་འཛད་སྤྱོད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་བཏོན་པའི་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་པ་རེད།