02

ཤིང་འབྲུག་ལོའི་དྭངས་གསལ་དུས་ཚིགས་སུ་ཤོན་ཡོན་ཧོང་ཏི་ལ་སྤྱི་མཆོད་བྱེད་པའི་མཛད་སྒོ་ཧྲའན་ཤིས་སུ་འཚོགས་པ། 2024年04月07日

འདི་ག་ཚགས་པར་ཁང་དུ་ཤིས་ཨན་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་4ཉིན་ཤིང་འབྲུག་ལོ་སྟེ་2024ལོའི་དྭངས་གསལ་དུས་ཚིགས་སུ་ཤོན་ཡོན་ཧོང་ཏི་ལ་སྤྱི་མཆོད་བྱེད་པའི་མཛད་སྒོ་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཧོང་ལིན་རྫོང་ཆའོ་ཧྲན་མཆོད་འབུལ་ཐང་ཆེན་དུ་འཚོགས་པ་རེད།

ཆུ་ཚོད་9དང་སྐར་མ་50ཙམ་ལ་སྤྱི་མཆོད་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། ངོགས་གཉིས་ཀྱི་སྤུན་ཟླ་དང་། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ། ཕྱིར་སྡོད་རང་མི་བཅས་ཀྱི་འཐུས་མི་400ལྷག་ཙམ་ཞུགས་ཡོད་པ་རེད། སྤྱི་མཆོད་མཛད་སྒོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་མཱ་ལི་ཧོའེ། རྒྱལ་ཡོངས་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཧྥུང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་མཱ་དབྱིང་ཅིའུ་སོགས་ཀྱིས་མེ་ཏོག་སི་ར་ཕུལ་བ་རེད། ཧྲའན་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ཀྲའོ་ཀང་ཀུང་གིས་མྱ་ངན་ཞུ་ཡིག་ཀློག་སྐབས་དེར་ཡོད་པའི་མི་སྣ་ཡོངས་ཀྱིས་ཤོན་ཡོན་ཧོང་ཏི་ཡི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་པ་རེད།

(སྐལ་མཆོག་གིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)