02

འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་འགག་སྒོའི་དུས་ཚིགས་དང་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་3000ལྷག་ཙམ་ཟིན་པ། 2024年04月07日

↑ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་ཟླ་4ཚེས་3ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་འགག་སྒོའི་དུས་ཚིགས་དང་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་3000ལྷག་ཙམ་ཟིན་པ་དེ་གྲུ་ལམ་ཤར་གཏོང་ཐུབ་མ་ཐག་པའི་2004ལོའི་ལོ་ཧྲིལ་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་འདྲ་པོ་ཡོད།

འདི་ནི་ཟླ་4ཚེས་4ཉིན་ཆུ་རགས་སྒྲོལ་མཁན་གྲུ་གཟིངས་གོ་རིམ་ལྡན་པའི་ངང་རིམ་པ་ལྔ་པའི་གྲུ་ལམ་འགག་སྒོ་ནས་སྐྱོད་བཞིན་པ།