འདི་ག་ཚགས་པར་གྱི་གསར་འགོད་པ། ཅིང་ལིང་།
“སྤྱི་ཚོགས་འགན་བཅོལ་གྱི་སྤྲིན་ཚོམ་གྲོན་འཇལ་གྱི་གོ་རིམ་ཆུང་གྲས་ནང་བོད་ཡིག་གི་པར་གཞི་ཡོད་པས་ཐོབ་ཐང་ལག་ཁྱེར་ཐད་ཀར་བཤར་འབེབས་བྱས་ན་རུས་མིང་དབྱེ་འབྱེད་ཐུབ། སླད་ཕྱིན་ཕྲུ་གུ་ཚོར་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་རྒྱོང་རོགས་གྱིས་དང་ཟེར་དགོས་མི་འདུག”ཅེས་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ནས་ཡོང་བའི་འབྲོག་པ་བཀྲ་ཤིས་སྒྲོལ་མས(གསང་མིང)དགའ་སྤྲོའི་ངང་བརྗོད། ཉེ་བའི་ལོ་ཤས་རིང་། ཀོང་ཏ་དངུལ་ཁང་གིས་དམངས་ཕན་གྱི་གྲོན་འཇལ་ཐོན་རྫས་ཏེ། “ཀོང་ཏ་སྤྲིན་ཚོམ་གྲོན་འཇལ”གྱི་གོ་རིམ་ཆུང་གྲས་ནང་དྲ་ཐོག་ནས“བོད་རྒྱ་ཡིག་རིགས་གཉིས་དུས་གཅིག་ཏུ་ཡིག་སྒྱུར་ཐུབ་པ”དང་། “ཐོབ་ཐང་ལག་ཁྱེར་བཤར་འབེབས་བྱས་ན་དབྱེ་འབྱེད་ཐུབ་པ”སོགས་ཀྱི་ནུས་པ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་པ་དེ་ཐག་རིང་ལུང་ཁུག་ས་ཁུལ་དང་རྒན་རྒོན་སོགས་ཚོགས་སྤྱིའི་གྲངས་གཞིའི་ཧེ་བག་སེལ་བར་ཕན་ཐོགས་ཡོད་པས། མི་དེ་བས་མང་བས་གྲངས་གཞི་ཅན་གྱི་སྟབས་བདེ་ལོངས་སྤྱོད་ཐུབ་རྒྱུ་རེད།
ཀོང་ཏ་དངུལ་ཁང་གིས་དམངས་ལ་དངུལ་རྩ་གཉེར་བའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས་ཐབས་མང་མཉམ་སྤྱོད་ཀྱིས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་ཞུ་བཞིན་ཡོད།
དྲ་རྒྱའི་ཟོག་འདྲེན་གྱི་གནས་ཚུལ་ལ་དམིགས་ཏེ། ཀོང་ཏ་དངུལ་ཁང་གིས“ཟོག་འགྲེམས་ཤར་བགྲོད”ཀྱི་གཅིག་འཐུས་རྣམ་པའི་དྲ་ཐོག་གི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ཇུས་གཞི་བཏོན་ནས་གོ་རིམ་ཆུང་གྲས་ཀྱི་དྲ་ཐོག“ཁ་ལོ་བའི་ཆེད་ཁུལ”ཐོག་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་ཆུ་དང་། གློག སོལ་རླངས་སོགས་འཚོ་བའི་གྲོན་འཇལ་དང་། མི་སྒེར་གྱི་རྒན་གསོའི་གྲོན་དངུལ། ཡིད་རྟོན་གཱ འཛད་སྤྱོད་དངུལ་བུན། ལས་རིགས་ཆ་འཕྲིན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། གྲོང་མིས་ཁང་པ་ཉོ་བའི་བརྒྱུད་རིམ་ནང་ལྷག་པའི་ཉོ་ཚོང་ཞབས་ཞུའི་དགོས་མཁོར་དམིགས་ནས་ཀོང་ཏ་དངུལ་ཁང་གིས“བདེ་སྡོད་ཤར་གཏོང”ཞབས་ཞུ་ཁྱབ་གདལ་བཏང་སྟེ། “རྩིས་ཐོ་དོ་དམ་དང་གཏོང་སྤྲོད་མཇུག་རྩིས་ཟུང་འབྲེལ”རྨང་གཞིར་བྱས་ནས་སྡོད་ཁང་ཉོ་ཚོང་སོགས་ཀྱི་རྣམ་པར་ཉོ་ཚོང་མ་དངུལ་ཚབ་གཉེར་ཞབས་འདེགས་ཞུས་པ་སོགས་གྲངས་འཛིན་དངུལ་རྩའི་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་རབ་དང་རིམ་པ་བཏོན་ནས་ཡོངས་ཁྱབ་དམངས་ཕན་གྲངས་གཞི་ཅན་གྱི་འདུ་འགོད་བཏོད་དེ་ཀོང་ཏ་དངུལ་ཁང་གི་དངུལ་རྩའི་ཞབས་ཞུའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་བཏང་ཡོད།