03

ཀྲུང་གོའི་བདམས་ཐོན་པར་འོན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མི་སྒེར་གྱི་ཡ་པང་གངས་ཤུད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་ཐོབ་པ། 2024年03月08日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་དགུན་དུས་ཀྱི་འོན་པའི་ཨོ་རྩལ་འགྲན་ཚོགས་སྐབས་20པ་མུ་མཐུད་ཐུར་ཁེའི་གྲོང་ཁྱེར་ཨེར་ཙུའུ་ལུའུ་མུའུ་རུ་གཉེར་བ་དང་། དེ་ཉིན་གྱི་ཡ་པང་གངས་ཤུད་རྣམ་གྲངས་ནང་ཀྲུང་གོའི་བདམས་ཐོན་པར་གསེར་གྱི་རྟགས་མ་གཉིས་ཐོབ་ནས་འོན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མི་སྒེར་གྱི་ཡ་པང་གངས་ཤུད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་ཡོད།

ཉིན་དེའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པའི་སྐྱེས་པ་དང་བུད་མེད་ཚོགས་ཆུང་གཉིས་ཚུད་པའི་འགྲན་བསྡུར་ལ་གསེར་གྱི་རྟགས་མ་གཉིས་ཐོབ་ཡོད། དེའི་ནང་ཀྲུང་གོའི་བུད་མེད་བདམས་ཐོན་པ་གསུམ་པོ་ཚང་མ་མཐའ་བསྡུར་ནང་ཚུད་དེ་ཀྲའོ་གཡོད་གཡོད་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། ཝང་ལུའུ་ལུའུ་ལ་དངུལ་གྱི་རྟགས་མ་ཐོབ་པ། སུའུ་ཧྲ་ཧྲ་ལ་ཨང་བཞི་པ་ཐོབ་ཡོད། སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་དབྱང་པིན་ལ་གསེར་གྱི་རྟགས་མ་ཐོབ་པ་དང་ལན་དབྱི་ཕུང་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད། ཨེར་ཙུའུ་ལུའུ་མུའུ་ཡི་བྱ་དགའ་སྤྲོད་སའི་ཐང་ཆེན་དུ་རྒྱལ་གླུའི་སྒྲ་གྲགས་པ་རེད།