ད་ལོ་ཚུན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱིས་ཕྱི་རྒྱལ་ཁྲོམ་རའི་མངགས་ཐོ་ཧུར་ཐག་བླངས་ནས་ཐོན་སྐྱེད་ལ་དམ་འཛིན་དང་ཕྱིར་གཏོང་ལ་སྐུལ་འདེད་བཏང་སྟེ་དུས་ཚིགས་དང་པོར“འགོ་ཚུགས་འཕྲལ་གྲུབ་འབྲས་ཐོབ་པར”འགན་ལེན་བྱས་ཡོད། ད་ལོའི་ཟླ་དང་པོ་དང་གཉིས་པར་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་139.1ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་26.7%འཕར་ནས་འཕར་ཚད་ཅང་ཤིས་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་104ཟིན་ནས་24.1%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་35.1ཟིན་ནས་35.1%འཕར་ཡོད་པ་རེད།