《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月27日

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་2025ལོ་དེ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ཀྱི་ལོར་གཏན་འཁེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་2025ལོ་དེ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ཀྱི་ལོར་གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

གྲོས་ཆོད་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྟུན་མཁས་རང་བཞིན་གྱི་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་གདོང་ཐུག་ཐག་གཅོད་བྱེད་པ་བརྒྱུད་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་ཞི་བདེ་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུར་འགན་ལེན་ཡོང་བར་སྐུལ་མ་གཏོང་དགོས་པ་དང་། དེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། ཞི་བདེ་དང་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྐུལ་འདེད་གཏོང་བའི་རིན་ཐང་ལྟ་བ་ཞིག་ཏུ་བརྩི་དགོས་པ་བསྟན་ཡོད།

ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ད་དུང་གྲོས་ཆོད་ལ་གྲོས་འཆམ་བྱས་ཏེ་ལོ་ལྟར་གྱི་ཟླ་11ཚེས་15ཉིན་དེ་རྒྱལ་ཁོངས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བྱེད་སྤྱོད་མཐའ་དག་ལ་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་ནས་རྒྱལ་ཁོངས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བྱེད་སྤྱོད་མཐའ་དག་གི་གནོད་ཚབས་ལ་འཛིན་པའི་ངོས་འཛིན་ཟབ་ཏུ་བཏང་ནས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ལུགས་བསྟན་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)