འདི་ནི་ཟླ་3ཚེས་23ཉིན་ཧ་སག་སི་ཐན་མངའ་ཁོངས་ཀྱི་པའེ་ཁོ་ནུར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐང་ནས“མནའ་འབྲེལ་MS-25”མི་བཞུགས་འཕུར་གྲུ“མནའ་འབྲེལ-2.1a”སྐྱེལ་འདྲེན་མེ་ཤུགས་འཕུར་མདར་སྒྲོག་སྟེ་མཁའ་དབྱིངས་སུ་འཕེན་པའི་གནས་ཚུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་དང་ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་ནས།
འདི་ནི་ཟླ་3ཚེས་23ཉིན་ཧ་སག་སི་ཐན་མངའ་ཁོངས་ཀྱི་པའེ་ཁོ་ནུར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐང་དུ་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཐེ་ལེ་ཤིས·ཏའེ་སེན(གཡོན)དང་བྷེ་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་མཱ་ལི་ནཱ·ཧྭ་ཤི་ལེ་ཕུའུ་སི་ཁཱ་ཡཱ་ཡིས་འཕུར་གྲུ་མ་འཕེན་གོང་མི་རྣམས་ལ་ལག་པ་གཡུག་གཡུག་བྱེད་པའི་གནས་ཚུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་དང་ལུའུ་ཐོ་འཕྲིན་གཏོང་ཁང་ནས།
ཟླ་3ཚེས་23ཉིན་ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པས་ཆ་འཕྲིན་ཁྱབ་བསྒྲགས་བྱས་དོན། དེ་ཉིན་ཨུ་རུ་སུའི“མནའ་འབྲེལ་MS-25”མི་བཞུགས་འཕུར་གྲུ་འཕེན་གཏོང་བདེ་བླག་བྱུང་བ་རེད། མོ་སི་ཁོའི་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་15དང་སྐར་མ་36(པེ་ཅིང་གི་དུས་ཚོད་ཆུ་ཚོད་20དང་སྐར་མ་36)ཐོག“མནའ་འབྲེལ་MS-25”མི་བཞུགས་འཕུར་གྲུ“མནའ་འབྲེལ-2.1a”སྐྱེལ་འདྲེན་མེ་ཤུགས་འཕུར་མདར་སྒྲོག་སྟེ་ཧ་སག་སི་ཐན་མངའ་ཁོངས་ཀྱི་པའེ་ཁོ་ནུར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐང་ནས་མཁའ་དབྱིངས་སུ་འཕེན་པ་དང་སྔོན་གཏན་འཁེལ་བའི་རྒྱུ་སྐར་འཁོར་ལམ་ནང་བདེ་བླག་ངང་འཛུལ་བ་རེད།