《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月27日

རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཟླ་བ་དང་པོ་དང་གཉིས་པའི་མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུས་མཚུངས་ལས་28.5%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་འདི་ལོའི་ཟླ་བ་དང་པོ་དང་གཉིས་པའི་རང་རྒྱལ་གྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཟླ་བ་དང་པོ་དང་གཉིས་པའི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་འབོར་ཚད་ཐུམ་སྒྲིལ་དུང་ཕྱུར་262.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་25.1%འཕར་བའི་ཁྲོད། མྱུར་སྐྱེལ་ལས་སྒོའི་འབོར་ཚད་ཐུམ་སྒྲིལ་དུང་ཕྱུར་232.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་28.5%འཕར་ཡོད་པ་རེད།