ཉེ་དུས་མོ་སི་ཁོ་གྲོང་ཁྱེར་སྲིད་གཞུང་དང་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུན་མོང་ཐོག་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཨུ་རུ་སུའི་རྒྱལ་སར་གཉེར་བ་རེད།
བྱེད་སྒོ་དེ་ཁ་སྨིར་ཀེར་སྲང་ལམ་དང་། ཐེ་ཝེར་ཐང་ཆེན། ཐེ་ཝེར་ལམ། ཨར་པ་ཐེ་ཁྲོམ་གཞུང་གསར་པ་བཅས་སུ་གཉེར་ཞིང་། ས་གནས་དེ་དག་གིས་མཉམ་དུ་ཐུན་མོང་མ་ཡིན་པའི་བགྲོད་ལམ་ཞིག་བཏོད་ཡོད།
དཔྱིད་གསར་དུས་ཆེན་རིང་མོ་སི་ཁོའི་དམངས་ཚོགས་དང་ཡུལ་སྐོར་བ་མང་པོས་ཀྲུང་གོའི་བཟའ་བཅའི་ཚོང་འདུས་ནང་ཞུགས་པ་དང་། ཟས་རིགས་གཡོས་སྦྱོར་གྱི་མ་བྱན་ཆེ་མོའི་འཛིན་གྲྭའི་ནང་ཞུགས་པ། ཀྲུང་གོའི་མིག་མངས་སྦྱོང་བ་བཅས་བྱས་ཡོད། ད་དུང་མོ་སི་ཁོའི་གྲོང་མིས“མོ་སི་ཁོའི་ཉི་མའི”ནུས་མང་རོལ་རྩེད་ཁང་དུ་ཆེད་ལས་འཁྲབ་སྟོན་པ་དང་དྲག་རྩལ་མཁས་ཅན་གྱི་རྩལ་འགྲན་ལ་ལྟད་མོ་ལྟ་བ་དང་། མོ་སི་ཁོ་རྒྱལ་སྤྱིའི་རོལ་དབྱངས་ཚོམས་ཆེན་དུ་གཉེར་བའི་ཀྲུང་གོའི་མི་རིགས་རོལ་དབྱངས་འདུ་ཚོགས་དང་མོ་སི་ཁོའི་ཉི་འོད་གསོལ་མགྲོན་ཁང་གིས་གཉེར་བའི་ཕྱིར་ཚོང་བྱེད་སྒོའི་ནང་ཞུགས་ཡོད།
བྱེད་སྒོ་སྤེལ་རིང“མོ་སི་ཁོ་ཤེས་རྟོགས་བྱེད”ཅེས་པའི་དྲ་ཚིགས་ཀྱིས་ཀྲུང་གོའི་ཡུལ་སྐོར་བར་ཕྱོགས་ནས་རྒྱ་ཡིག་དཔར་མའི་དུས་ཆེན་གྱི་བྱེད་སྒོའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་། Russpassདྲ་ཚིགས་ཀྱིས་མོ་སི་ཁོའི་གྲོང་མིར་ཨུ་རུ་སུའི་ཡི་གེའི་དཔར་མའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཡོད།
—— ཨུ་རུ་སུའི“སྲུང་སྐར”རླུང་འཕྲིན་བརྙན་འཕྲིན་དྲ་ཚིགས་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང་།