《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月29日

དཔྱིད་རྨོད་ལུད་གསོག་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་པ།

ཞིང་ཆེན་རིམ་པའི་རྫས་ལུད་དམིགས་སར་འབྱོར་ཚད་བཅུ་ཆ་བདུན་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ཚན་ཁག་གིས་བཀོད་གཏོང་བྱས་པ་གཞིར་བཟུང་། ཟླ་2པའི་ཟླ་མཇུག་བར། ཞིང་ཆེན་དང་རྫོང་རིམ་པ་གཉིས་ཀྱི་རྫས་ལུད་དམིགས་སར་འབྱོར་ཚད་ཁག་སོ་སོར་71.2%དང་60.5%ཟིན་ནས་ཞིང་ཆེན་རིམ་པའི་དམིགས་སར་འབྱོར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7མགྱོགས་པ་ཡོད། ཉེ་དུས་དྲོད་ཚད་དམའ་བའི་ཁ་ཆར་བུ་ཡུག་གི་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་རྫོང་རིམ་པར་དམིགས་སར་འབྱོར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.6དམའ་བ་ཡོད། རྫས་ལུད་གཙོ་བོའི་རིགས་མཁོ་སྤྲོད་བྱེད་ཚད་བརྟན་པོ་ཡོད་པས་དཔྱིད་རྨོད་ལུད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། དེའི་ནང་ཧའེ་ནན་ཞིང་ཆེན་གྱི་དཔྱིད་རྨོད་ལ་མཁོ་བའི་རྫས་ལུད་ཚང་མ་དམིགས་སར་འབྱོར་ཞིང་། ཅི་ལིན་དང་། ལེའོ་ཉིང་། ཧྲན་ཏུང་། ཤིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས)གྱི་དམིགས་སར་འབྱོར་ཚད་བཅུ་ཆ་བརྒྱད་ཡན་ཟིན་པ་དང་། ཧྭ་ནན་དང་། སི་ཁྲོན་གཤོངས་ས། ནུབ་བྱང་ས་ཁུལ་བཅས་ཀྱི་དམིགས་སར་འབྱོར་ཚད་བཅུ་ཆ་བརྒྱད་ཙམ་ཟིན་པ། ནང་སོག་དང་ཧེ་ལུང་ཅང་གི་སོ་ནམ་དུས་ཚིགས་ཅུང་སླེབས་འགོར་བ་ཡོད་པས་མིག་སྔར་དམིགས་སར་འབྱོར་ཚད་བཅུ་ཆ་ལྔ་ལས་ཟིན་མེད་པ་རེད།(བསོད་ནམས་དཔའ་མོས་བསྒྱུར། བསོད་བདེ་གཞོན་པས་ཞུས)