《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月28日

མ་ཏེ་རི་སྲོག་ཆགས་གླིང་གིས་དོམ་ཁྲ“པིང་ཤིང”དང “མཆུ་ཁྲའི”ནང་ཚང་ལ་སྐྱེལ་མ་ཞུས་པ།

ཟླ་2ཚེས་22ཉིན་སི་ཕེན་གྱི་མ་ཏེ་རི་སྲོག་ཆགས་གླིང་གིས་དོམ་ཁྲ“པིང་ཤིང”དང“མཆུ་ཁྲའི”ནང་ཚང་ལ་དགའ་སྐྱེལ་ཞུ་བའི་མཛད་སྒོ་གཉེར་ནས་ཀྲུང་གོར་ལོག་གྲབས་ཡོད་པའི་དོམ་ཁྲ་ནང་ཚང་ལ་སྐྱེལ་མ་ཞུས་པ་རེད། ཁྲེང་ཏུའུ་དོམ་ཁྲ་རྒྱུད་སྤེལ་ཞིབ་འཇུག་ལྟེ་གནས་ཀྱི་དོམ་ཁྲ་ཕོ“པིང་ཤིང”དང་མོ“མཆུ་ཁྲ”ཟླ་2ཚེས་29ཉིན་ཀྲུང་གོར་ལོག་རྒྱུ་ཡིན་ཞིང་། མཉམ་དུ་ལོག་མཁན་གྲས་སུ་ད་དུང་དོམ་ཁྲ་དེ་གཉིས་མ་ཏེ་རིར་སྡོད་རིང་སྐྱེས་པའི་དོམ་ཕྲུག་གསུམ་ཡོད་པ་རེད། 2016ལོར་སྐྱེས་པའི“ཀྲུའུ་ལི་ན”དང་2021ལོར་སྐྱེས་པའི་མཚེ་མ“ཡིའུ་ཡིའུ”དང“ཅིའུ་ཅིའུ”བཅས་རེད། འདི་ནི་ཟླ་2ཚེས་22ཉིན་སི་ཕེན་གྱི་མ་ཏེ་རི་སྲོག་ཆགས་གླིང་ནས་པར་བླངས་པའི་དོམ་ཁྲ་ཡིན་པ།