《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月28日

ཚད་གཞི་མཐོ་བའི་ས་ཞིང་སྒྱུར་བཀོད་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ།

ཁྲུང་ཆིང་གྲོང་ཁྱེར་ཕེང་ཧྲུའེ་མེའོ་རིགས་ཐུའུ་ཅ་རིགས་རང་སྐྱོང་རྫོང་གིས་ན་ནིང་གི་དགུན་ཁ་དང་འདི་ལོའི་དཔྱིད་ཀར་ཚད་གཞི་མཐོ་བའི་ས་ཞིང་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ནས“འཕྲུལ་ཆས་སྤྱོད་འོས་པ་དང་། ཞིང་ཆུ་གཏོང་ཐུབ་པ། ཐོན་འབབ་མཐོ་ཞིང་བརྟན་པ། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་ཐུབ་པ”བཅས་ཀྱི་ཚད་གཞི་ལྟར་རི་མ་ཐང་གི་ཞིང་ཁ་ཁྲི་3ལྷག་ཙམ་ལ་ཚད་གཞི་མཐོ་བའི་སྒྱུར་བཀོད་བྱས་པ་དང་སྒྱུར་བཀོད་བྱས་རྗེས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་ཚང་མ་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་མ། པད་ཁ་སོགས་ཞིང་ལས་ཐོན་རྫས་འདེབས་པར་སྤྱད་དེ་ཞིང་པར་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད། འདི་ནི་ཟླ་2ཚེས་26ཉིན། ཁྲུང་ཆིང་གྲོང་ཁྱེར་ཕེང་ཧྲུའེ་མེའོ་རིགས་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཐའེ་ཡོན་ཤང་ཆི་ལིན་སྡེ་ཁུལ་གྱིས་ན་ནིང་གི་དགུན་ཁར་སྒྱུར་བཀོད་བྱས་པའི་རི་གསེབ་ཏུ་གནས་པའི་ཚད་གཞི་མཐོ་བའི་མུ་ལ་མུ་འཁྱུད་ཀྱི་སྐས་ཞིང་ཡིན་པ།