ཟླ་2ཚེས་24ཉིན་ནི་ལུགས་རྙིང་ལོའི་དང་པོའི་ཚེས་བཅོ་ལྔ་ཡིན་པ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་དུ“འཛམ་གླིང་བོད་རིག་པའི་གཙུག་རྒྱན”ཞེས་སུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་ལོ་གཅིག་དུས་གཅིག་གི་བཅོ་ལྔའི་མེ་ཏོག་མཆོད་པ་བཤམས་པ་དང་། དགེ་འདུན་པ་ཚོས་མར་ལས་བཟོས་པའི་མེ་ཏོག་གི་མཆོད་པ་དག་གིས་སེར་སྐྱ་མང་ཚོགས་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།