ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཅུས་ཀྱིས་ཟླ་2ཚེས་23ཉིན་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་གསལ་དོན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གཉིས་ཤང་ཀང་དང་ཨའོ་མོན་དུ་སྐྱོད་ཆོག་པའི“མི་སྒེར་གྱི་ཡུལ་སྐོར”གྲོང་ཁྱེར་ལ་འཇུག་རྒྱུའི་ཆོག་མཆན་སྤྲད་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཅུས་ཀྱིས་2024ལོའི་ཟླ་3ཚེས་6ཉིན་ནས་བཟུང་། ཤིས་ཨན་གྲོང་ཁྱེར་དང་ཆིང་ཏའོ་གྲོང་ཁྱེར་ནས་ཆ་རྐྱེན་འཛོམས་མཁན་ལ་ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་བྱེད་པའི“མི་སྒེར་གྱི་ཡུལ་སྐོར་ཐོངས་མཆན”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)