《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月27日

འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད།

ཉེ་བའི་ལོ་ཤས་རིང་། ས་གནས་ཁག་ཏུ་འཛད་སྤྱོད་པས་འཛད་སྤྱོད་ཚད་རན་པོ་བྱེད་པར་སྐུལ་ཁྲིད་དང་བསྔགས་སྐུལ་བྱས་ཤིང་། འབྲུ་རིགས་གྲོན་ཆུང་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་ནས་གྲོན་ཆུང་བྱས་ན་གཟི་བརྗིད་དང་འཕྲོ་བརླག་བཏང་ན་ངོ་ཚ་དགོས་པའི་རྣམ་པ་ཞིག་གཏོད་ཡོད།

པར①ནི་ཟླ་2ཚེས་24ཉིན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀྲང་ཀུང་ཆུས་ཧྲུའེ་ནན་ཁྲོམ་གཞུང་གི་སྡེ་ཁུལ་ཟ་ཁང་གི་གྱང་ངོས་སུ་སྦྱར་བའི“འབྲུ་རིགས་ལ་གཅེས་སྤྲས་བྱེད་དགོས”པའི་སྦྱར་ཚིག་མངོན་གསལ་ཤིན་ཏུ་དོད་པ།

པར②ནི་ཟླ་2ཚེས་23ཉིན། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་དབྱིས་ཨན་ཆུས་ཀྲུང་མིང་གྲོང་རྡལ་ཡུང་ཆོན་ཞིང་གྲོང་གི་རང་འདེམས་ཟ་ཁང་ནང་སྐུ་མགྲོན་གྱིས་སྡེར་ཆུང་ཤ་ཚལ་འདེམས་བཞིན་པ།

པར③ནི་ཉེ་དུས་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་ལྟེ་བའི་བུ་བཅོལ་ཁང་གི་དགེ་རྒན་གྱིས་ཕྲུ་གུ་ཆུང་ཆུང་ལ་འབྲུ་རིགས་དབྱེ་བ་འབྱེད་སྟངས་བསླབས་པ་མ་ཟད། ད་དུང་ཕྲུ་གུ་ཚོའི་འབྲུ་རིགས་གྲོན་ཆུང་དང་གཅེས་སྤྲས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་བཏང་བ།