《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月25日

“སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་གསུམ་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བྱས་པ།

↑འདི་ནི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་འཁོར་ལམ་དུ“སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་གསུམ་པའི་བརྩམས་ཆོས་འགྲེམས་སྟོན་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་23ཉིན“སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་གསུམ་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བྱས་ཤིང་། བར་སྣང་ཁམས་སུ་གཞུང་དོན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་འཁོར་ལམ་དུ་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་གཞིག་བྱེད་པའི་མཛེས་སྡུག་ལྡན་པའི་རི་མོ་འགྲེམས་སྟོན་དང་ངོ་སྤྲོད་བྱས་པ་རེད།

སྐབས་འདིའི་པར་རིས་འགྲེམས་སྟོན་ནང་རི་མོའི་བརྩམས་ཆོས་53ཡོད་ཅིང་། “ཕྲུ་གུའི་མིག་ནང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་5ལ་དམིགས་ཏེ་ཆེད་དོན་དབྱེ་ནས་འགྲེམས་སྟོན་བྱས་པ་རེད། “རི་མོ་བ་ཆུང་ཆུང”ཚོས་པིར་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ནང་གི་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་དང་རང་ཉིད་ཀྱི་མིག་ནང་གི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པ་དེ་ཅི་འདྲ་ཞིག་ཡིན་ལུགས་མཚོན་པར་བྱས་པ་མ་ཟད། མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་མཛེས་སྡུག་ལྡན་པའི་རི་མོ་རེ་རེར་བརྟེན་ནས་རྒྱལ་ཡོངས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད།

འདི་ནི་ལི་ཧུའེ་མིན་གྱི་བརྩམས་ཆོས《ཀླུ་མོ་རྟགས་ཅན་གྱིས་མཚོ་བྱིངས་འཚོལ་ཞིབ་བྱས་ནས་རྒྱ་མཚོ་སྲུང་སྐྱོང་བྱེད། རྒྱ་མཚོའི་གཏིང་གི“ཀྲུང་གོའི་ཕུགས་འདུན”》ཞེས་པ་ཡིན་པ།

འདི་ནི་ཧུའུ་ཧྲེ་གཡོད་ཀྱི་བརྩམས་ཆོས《བར་སྣང་ཁམས་ཀྱི་གློག་སྐས། བར་སྣང་ཁམས་སུ་འཕུར་བའི་མཁའ་ལམ》ཞེས་པ་ཡིན་པ།