ལྷོ་སྣེར་རྟོག་ཞིབ་ཐེངས་བཞི་བཅུ་པ་བྱེད་མཁན་རང་རྒྱལ་གྱི་ཁུན་ལུན་ས་ཚིགས་རུ་ཁག་གི“གསའ”གཉིས་པས་ཟླ་བ་གཉིས་ལྷག་ཙམ་བསྐྱོད་རྗེས། ཉེ་ཆར་རང་རྒྱལ་གྱི་ཐོན་གཉིས་པའི་མཐའ་སྣེའི་ཁུལ་གྱི་དམིགས་བསལ་རིགས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཀྱི་ལག་རྩལ་ཚོད་ལྟ་དང་བྱེད་ནུས་ར་སྤྲོད་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་མཐའ་སྣེའི་མཐར་ཟད་ཁོར་ཡུག་ཁྲོད་ཀྱི་ཉིན་མཚན་ཀུན་དང་། ཁྱབ་ཁོངས་ཧྲིལ་པོ། བྱེད་ནུས་ཆ་ཚང་བཅས་ཀྱི་རང་རྒྱལ་གྱི་རང་བརྟེན་ཚན་རིག་རྟོག་ཞིབ་དང་ཕན་ནུས་ཆེ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བདེ་བླག་ངང་མངོན་འགྱུར་ཐུབ་པ་དང་མཐའ་སྣེའི་ཁུལ་གྱི་དམིགས་བསལ་རིགས་ཀྱི་འགྲིམ་འགྲུལ་ཡོ་བྱད་དེ་ལྷོ་སྣེའི་སྐམ་སར་ཡུན་རིང་དང་བློས་འགེལ་ཆོག་པའི་བཀོལ་སྤྱོད་ཐུབ་པའི་རྒྱལ་སྤྱིའི་ཆུ་ཚད་ལ་སྤྱིར་ན་སླེབས་ཡོད་པ་རེད།
འདི་ནི་ཉེ་ཆར“གསའ”གཉིས་པའི་མཐའ་སྣེའི་ཁུལ་གྱི་དམིགས་བསལ་རིགས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཀྱིས་ལྷོ་སྣེའི་སྐམ་སའི་འཁྱགས་རོམ—Aས་ཁོངས་སུ་རང་བརྟེན་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་སྒྲུབ་བཞིན་པ།