ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་སོག་ཡིག་དང་། བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་བཅས་མི་རིགས་ཀྱི་ཡིག་རིགས་ལྔའི་དཔར་མ་ཉེ་ཆར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་ཤིང་། དེའི་ནང་2020ལོའི་ཟླ་2ཚེས་3ཉིན་ནས་2022ལོའི་ཟླ་5ཚེས་10ཉིན་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་། གླེང་མོལ། གཏམ་བཤད། ཤིས་ཚིག མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་གལ་ཆེན་109བསྡུས་ཡོད་པ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2020ལོའི་ཟླ་དང་པོ་ཚུན་གྱི་སྐུ་པར་45ཡང་བསྡུས་ཡོད། དེབ་ཧྲིལ་པོ་ཆེད་དོན་21ལ་དབྱེ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཉིས་བརྩེགས་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་དང་འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་གི་མདུན་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་ས་གཞི་ཆེ་མོར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པའི་ལག་ལེན་རླབས་པོ་ཆེ་གསོན་ཉམས་དོད་པོས་བཀོད་པ་དེ་ཐོག་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མཚོན་པ་དང་། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་ཤོས་ཕུལ་བ་གང་ལེགས་མཚོན་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་པའི་གནས་ཚད་གསར་པ་བཏོད་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་བརྩམས་ཆོས་ཤིག་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་ཤོས་ལ་གོ་བ་གཏིང་ཟབ་ལེན་པར་རོགས་རམ་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་མི་རིགས་དཔེ་སྐྲུན་ཁང་སྒྲིག་འཛུགས་བྱས་ཏེ། རྒྱལ་ནང་གི་མི་རིགས་ཡི་གེའི་རིགས་གཅིག་མཁས་ཅན་གྱི་ཚོགས་པ་རྩེ་གྲ་བཙུགས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་མི་རིགས་ཡི་གེའི་དཔར་མ་ཡིག་སྒྱུར་དཔེ་སྐྲུན་ལས་དོན་ལེགས་སྒྲུབ་བྱས་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་མི་རིགས་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་ལེའུ་མཉམ་དུ་རྩོམ་པར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།
(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)