ཉིན་ཤས་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མེ་གསོད་རུ་མིས་ས་གནས་ས་ཐོག་ཏུ་ཁྱིམ་ཚང་གི་སོལ་རླངས་ཐབ་ཀྱི་མེ་གསོད་སྟངས་དང་། ཚལ་སླང་དང་སོལ་རླངས་དབུགས་རིལ་སོགས་ལ་མེ་ཤོར་ན་གསོད་ཐབས་ཇི་ལྟར་བྱེད་པ་སོགས་ཀྱི་ནང་སྦྱོང་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མེ་གསོད་རུ་མིས་སློབ་ཕྲུག་ཚོའི་སྣེ་ཁྲིད་དེ་མེ་ཟོན་ཡོ་ཆས་ཉམས་ལེན་བྱེད་བཞིན་པ།