ཟླ་2ཚེས་21ཉིན་ཧན་གོའི་ཧྥོ་ཧྲན་དུ་གཉེར་བའི་2024ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧྥོ་ཧྲན་འཛམ་གླིང་ཕིང་ཕང་སྤོ་ལོའི་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་བརྒྱད་ཆ་གཅིག་གི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་བསྡུར་གྲངས་3∶0གྱི་ཐོག་ནས་རོ་མ་ནི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རྩེ་གྲས་བརྒྱད་ནང་ཚུད་ཡོད། ཟླ་2ཚེས་21ཉིན་ཀྲུང་གོའི་རུ་ཁག་གི་རུ་མི་ཧྥན་ཀྲེན་ཏུང་གིས་བསྡུར་གྲངས་3∶0གྱི་ཐོག་ནས་རོ་མ་ནི་ཡའི་རུ་ཁག་གི་རུ་མི་ཨའེ་ཏེ་ཧྭ·གཡོད་ནེ་སི་ཁུའུ་ལས་རྣམ་པར་རྒྱལ་བ་རེད།