《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月24日

ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་གྱི་ཐན་ཞང་ལམ་ཆེན་གྱི་ཕུག་ལམ་གང་མགྱོགས་འབིགས་བཞིན་ཡོད་པ།

ནན་ཁྲང་ནས་ཅིའུ་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལས་གྲྭ་ཨང་བདུན་པའི་ཐན་ཞང་ལམ་ཆེན་གྱི་ཕུག་ལམ་ལས་གྲྭ་ནི་རྒྱལ་ནང་གི་ཆུ་ཚོད་རེར་སྤྱི་ལེ་350འགྲུལ་བཞུད་བྱེད་པའི་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་བཟོའི་ཕུག་ལམ་ཞིག་ཡིན་ལ། ཅང་ཤིས་ཞིང་ཆེན་ནང་ཁུལ་གྱི་འབིགས་བཟོའི་ཐབས་ལ་བརྟེན་ནས་ཨར་སྐྲུན་བྱས་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་དེ་ཡང་རེད། མིག་སྔར་ལས་གྲྭ་དེར་སྤྱད་པའི་རྒྱལ་ཐོན“དཔའ་བོ་རྟགས་ཅན”གྱི་འབིགས་བྱེད་འཕྲུལ་ཆས་ཀྱིས་སྐོར་བ་ཐེངས་269བསྐོར་ཟིན་པ་རེད། འདི་ནི་ཟླ་2ཚེས་22ཉིན་ཅང་ཤིས་ཞིང་ཆེན་ནན་ཁྲང་མཐོ་གསར་ཁུལ་དུ་གནས་པའི་ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་གྱི་ལས་གྲྭ་ཨང་བདུན་པའི་ཐན་ཞང་ལམ་ཆེན་གྱི་ཕུག་ལམ་ལས་ཡུལ་དུ་བཟོ་པས་བྲེལ་འཚུབ་ཆེན་པོས་ཕུག་ལམ་ནང་ལས་ཀ་བྱེད་བཞིན་པ།