《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月24日

གྲང་རླུང་ཁྲོད་དུ་ཁོང་ཚོས“ནུབ་གློག་ཤར་འདྲེན”གྱི་འཕར་རྩ་ཆེན་པོ་བརྟན་པོར་བསྲུངས།

འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཅུན།

ཟླ་2ཚེས་22ཉིན་གྱི་མཚན་མོ་གངས་ཆེན་པོ་བབས་རྗེས་ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ཅང་ལིང་རྫོང་པེ་མཱ་གྲོང་རྡལ་ཁ་བའི་གོས་དཀར་གྱིས་བཀླུབས། སུན་ཀྲུང་ཧུའེ་ཡིས་མཐོ་ཚད་སྨི་70ཡོད་པའི་ཆེས་མཐོ་གནོན་ལྕགས་སྒྲོམ་གྱི་འགྲམ་དུ་ལངས་ནས་ལག་ཏུ་རྒྱང་འཛིན་ཡོ་ཆས་བསྣམས་ནས་བར་ཐག་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པའི་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་ཏེ་གློག་སྐུད་ལ་བརྟག་དཔྱད་བྱེད་བཞིན་འདུག “གློག་སྐུད་ལ་འཁྱགས་པ་ཐེབས་པའི་ཁར་ལྷགས་པ་ཆེ་བས་གློག་སྐུད་ཆད་པའམ་ཡང་ན་གློག་སྒྲོམ་འགྱེལ་བའི་ཉེན་ཁ་ཡོད། དེར་བརྟེན་ང་ཚོས་དམར་ཕྱིའི་སྒྲིག་ཆས་བསྒར་བའི་མི་མེད་གནམ་གྲུ་སྤྱད་ན་མཚན་མོ་གློག་སྐུད་ཀྱི་གནས་ཚུལ་གསལ་པོ་མཐོང་གི་འདུག”ཅེས་སུན་ཀྲུང་ཧུའེ་ཡིས་བཤད།

འདི་ལོ་ལོ་51ལ་སླེབས་པའི་སུན་ཀྲུང་ཧུའེ་ནི་རྒྱལ་ཁབ་གློག་དྲ་ཧུའུ་པེ་ཚད་བརྒལ་མཐོ་གནོན་ཀུང་སིའི་ཅིང་མོན་སྐྱེལ་འདྲེན་ཉམས་བཟོའི་མི་མེད་གནམ་གྲུའི་པན་གྱི་པན་ཀྲང་ཡིན་པ་དང་། ཧུའུ་པེའི་ཅིན་མོན་དང་། ཅིང་ཀྲོའུ། དབྱི་ཁྲང་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆེས་མཐོ་གནོན་གློག་སྐུད་ཉམས་བཟོའི་འགན་འཁུར་གྱི་ཡོད། སུན་ཀྲུང་ཧུའེ་ཡིས་གློག་སྐུད་དེ་གཉིས་ནི“ནུབ་གློག་ཤར་འདྲེན”གློག་ཤུགས་ཀྱི“འཕར་རྩ་ཆེན་པོའི”ཆ་ཤས་ཤིག་ཡིན། ཉིན་ལྟར་བར་ཐག་སྤྱི་ལེ་2000ལྷག་ཙམ་ཡོད་པའི་སི་ཁྲོན་ཆུ་ཤུགས་གློག་ཁང་ནས་ཧྭ་ཏུང་ས་ཁུལ་དུ་གློག་གཏོང་གི་ཡོད་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

ཉམས་བཟོའི་ལས་དོན་མང་པོ་གཞན་དང་མི་འདྲ་བར། དྲོད་ཚད་དམའ་བ་དང་གངས་མ་ཆར་གྱི་གནམ་གཤིས་བསྟན་པའི་མཚན་མོར་ཡང་དོགས་ཟོན་བྱེད་དགོས་ཀྱི་ཡོད། “མཚན་མོ་དྲོད་ཚད་དམའ་བ་དང་། རླུང་ཤུགས་ཆེ་བའི་རྐྱེན་གྱིས་གློག་སྐུད་ལ་འཁྱགས་པ་ཐེབས་སླ་བ་དང་གཡུག་གཡུག་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་དུས་ཐོག་ཏུ་མ་ཤེས་པའམ་མགྱོགས་མྱུར་ཉམས་བཟོ་མ་བྱས་ཚེ་གློག་ཆད་པའི་ཉེན་ཁ་ཡོད”སུན་ཀྲུང་ཧུའེ་ཡིས་ཟླ་2ཚེས་19ཉིན་ཧུའུ་པེར་གྲང་ངར་གྱི་གནམ་གཤིས་བསྟན་པའི་སྐབས་སུ། ང་དང་བཀོལ་སྤྱོད་པ་ལེའོ་ཀྲུའོ་ཡུས་ཀྱིས་ལྕགས་སྒྲོམ་འགྲམ་གྱི་བྱེས་བགྲོད་རླངས་འཁོར་དུ་སྡོད་བྱ་བྱས་པ་དང་སྐབས་འགར་རླངས་འཁོར་ནས་དོན་ཏེ་སྐོར་གཡེང་བྱས་ནས་ཉིན་གསུམ་གཉིད་ཡག་པོ་མེད་ཅེས་བཤད།

1992ལོ་ནས་བཟུང་། སུན་ཀྲུང་ཧུའེ་ཡིས་ཉམས་བཟོའི་ལས་འགན་འཁུར་ཚུན། 2018ལོར་ཆན་ཧྥུའུ་500ཡི་གློག་སྒྲོམ་འགྱེལ་ནས་གློག་ཆད་པའི་ལས་འཛོལ་ཐོན་སྐབས་མྱུར་བཟོ་དང་ཨེ་ཙེ་ཨོ་ཕི་ཡར་རོགས་རམ་བྱེད་པའི་མཐོ་གནོན་གློག་སྐུད་4འཛུགས་སྐྲུན་གྱི་ཞིབ་བཤེར་རྩིས་ལེན་ལ་ཞུགས་མྱོང་ཡོད། “དེ་སྔ་ལྷགས་པ་ཆེན་པོ་རྒྱག་པའམ་ཡང་ན་དྲོད་ཚད་དམའ་བའི་མཚན་མོར་ང་ཚོས་གློག་བཞུ་ཁྱེར་ནས་གློག་སྐུད་ལ་བལྟ་བར་འགྲོ་གི་ཡོད། གློག་སྐུད་མཐོ་བས་གསལ་པོ་མི་མཐོང་བར་བརྟེན་ཞིབ་བཤེར་ཡག་པོ་མི་ཐུབ་པ་མ་ཟད། ཉམས་བཟོ་བྱེད་ཁག་པོ་ཡོད”འདི་ལོ་ནས་བཟུང་ང་ཚོས་དམར་ཕྱིའི་སྒྲིག་ཆས་བསྒར་བའི་མི་མེད་གནམ་གྲུ་སྤྱད་པར་བརྟེན་གློག་སྐུད་ཀྱི་གནས་ཚུལ་གསལ་པོ་མཐོང་བ་མ་ཟད། གློག་ཤུགས་བཀོད་གཏོང་དང་མི་མེད་གནམ་གྲུས་འཁྱག་གཏོར་ལ་དེ་བས་གནད་ལ་འཁེལ་བ་དང་རིན་ཐང་ལྡན་པའི་གྲངས་གཞི་མཁོ་འདོན་ཐུབ་ཀྱི་ཡོད་ཅེས་བཤད།

ཚད་བརྒལ་དང་ཆེས་མཐོ་གནོན་གྱི་གློག་སྐུད་ནི་མི་ཁྲི་400ནས་ཁྲི་1000བར་གྱི་གློག་སྤྱོད་དང་འབྲེལ་བ་ཡོད་པས། གློག་དྲ་གཙོ་བོའི་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། “ང་ཚོས་ཆུ་ཚོད་24རིང་སྡོད་བྱ་བྱས་ཏེ་ཆུ་ཚོད་རེར་ལྟ་སྐུལ་ཚོད་འཛིན་གྱི་གྲངས་གཞི་སྙན་སེང་ཐེངས་རེ་ཞུ་གི་ཡོད། གཙོ་གནད་ལྟ་སྐུལ་ཚོད་འཛིན་ཁུལ་དུ་ཆུ་ཚོད་1རེར་གྲངས་གཞི་ཐེངས་རེ་སྙན་སེང་ཞུ་བ་དང་འཁྱག་པ་ཐེབས་པའི་གློད་སྐུད་མཐོང་ཚེ། མགྱོགས་མྱུར་མི་མེད་གནམ་གྲུ་བཏང་ནས་འཁྱག་པ་གཏོར་ནས་གློག་དྲའི་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡོད”ཅེས་སུན་ཀྲུང་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཧུའུ་པེའི་གློག་དྲ་གཙོ་བོའི་སྤྱི་ལེ་9680ཡི་གློག་སྐུད་ཚང་མ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད།