ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་གློག་འཕྲིན་འབྱོར་གསལ། ཧ་སག་སི་ཐན་གྱི“ཨ་མཱ་ནཱ་ཐེ”ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་གཏན་ལས་དོན་ལ་འགན་འཁུར་བའི་སློབ་སྤྱི་གཞོན་པ(ཡོན་ཀྲང)ཞེ་ཁྲུན་ཐའོ་ཡིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ་2ཚེས་17ཉིན་ནས་ཚེས་20ཉིན་བར་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བ་དང་། ཧ་སག་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ལཱ་ཝུའུ་དང“ཨ་མཱ་ནཱ་ཐེ”ཏང་དང་མི་དམངས་ཏང་གི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་བ། ཧ་སག་སི་ཐན་ཙུང་ཐུང་ཐད་གཏོགས་ཀྱི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་ཨ་སི་ཐཱ་ནཱ་གཞུང་ཞབས་པའི་ལྟེ་གནས་ཀྱི་འགན་འཁུར་བ་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་འོས་སྦྱོར་གཏིང་ཟབ་གནང་བ། ཀྲུང་ཧའི་ཏང་དབར་གྱི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགོངས་འཆར་བརྗེ་རེས་གནང་བ་རེད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཧ་ཀྲུང་དབར་གྱི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
(ལྷ་དབང་དང་དཔའ་མོས་སྒྱུར་ཞུས་བྱས)