འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་21ཉིན། ཐེ་ལན་གྱི་ཧྥིང་ཙམ་དང་། ཧའེ་ནན་གྱི་བེ་ཏའི་ཁུ་བ་དང་པད་ཁའི་སྣུམ་སོགས་བླུགས་པའི་མེ་འཁོར་X9586ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་དུས་གཏན་མེ་འཁོར་ཆིན་ཀྲོའུ་གྲུ་ཁའི་བབས་ཚུགས་ཤར་མ་ནས་ཐོན་ཏེ་ཁྲེང་ཤང་བབས་ཚུགས་སུ་བསྐྱོད་ཅིང་། ཟླ་2ཚེས་20ཉིན་བར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་དུས་གཏན་མེ་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་11.35ཟིན་པ་དེ་དུས་མཚུངས་ལས་13.8%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ཤར་གཏོང་ཐུབ་ནས་ལྕགས་ལམ་གྱིས་གཙོ་བོ་བྱེད་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18དང་། གྲོང་ཁྱེར་70 བབས་ཚུགས་145བཅས་ལ་ཁྱབ་པའི་འགྲིམ་འགྲུལ་ཟོག་འགྲེམས་དྲ་བ་གྲུབ་ཡོད་ལ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་120ཡི་གྲུ་ཁ་495ལ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་དངོས་ཟོག་གི་སྣ་ཁ་1143ཟིན་ཏེ་ནུབ་རྒྱུད་ས་ཁུལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་འབྲེལ་བའི་འབྲེལ་ཐག་གལ་ཆེན་དུ་གྱུར་ཡོད།