《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月23日

ཁྲུང་ཆིང་དུ་ལོ་གསར་རིང་རྒྱལ་སྤྱིའི་དུས་གཏན་མེ་འཁོར་རྒྱུན་མི་ཆད་པ།

ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་མཚོའི་བགྲོད་ལམ་གསར་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་རྒྱུན་མཐུད་ངང་མྱུར་ཚད་མངོན་པར་བྱས་ནས། དཔྱིད་གསར་དུས་ཆེན་རིང་ངལ་གསོ་མེད་པར་ཚོང་ཟོག་དབོར་འདྲེན་བྱེད་པ་དང་། ལྕགས་ལམ་ལས་བཟོས་ལས་གནས་བརྟན་སྲུང་བྱས་ནས་དུས་གཏན་མེ་འཁོར་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པར་བྱས་ཏེ། ལོ་གསར་གྱི“མྱུར་ཚད”མངོན་པར་བྱས་ཡོད། ད་ལོའི་ལོ་གསར་ཚེས་གཅིག་ནས་ཚེས་བརྒྱད་ཉིན་བར། སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར(ཁྲུང་ཆིང་ནས་ཆིན་ཀྲོའུ་བར)དང་། ཀྲུང་ལོ་དུས་གཏན་མེ་འཁོར(ཁྲུང་ཆིང་ནས་ཝན་ཐེན་བར) ཀྲུང་ཝེ་དུས་གཏན་མེ་འཁོར(ཁྲུང་ཆིང་ནས་ཧ་ནོ་དབྱི་བར)བཅས་སྔོན་དཔག་བྱས་ན་ཁྱོན་མེ་འཁོར་ཐེངས་54བཏང་བ་དང་ཚད་ལྡན་དོས་སྒམ་2682དབོར་ཡོད།

འདི་ནི་ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཆུས་ཀྱི་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་བབས་ཚུགས་ཀྱི་ལས་བྲེལ་ཆེ་བའི་རྣམ་པ་ཡིན་པ།