《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月23日

སྙན་ཞུ་ལས་བསྟན་དོན།

ན་ནིང་འཇར་མན་གྱིས་ཀྲུང་གོར་ཐད་ཀར་མ་དངུལ་གཏོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་འཇར་མན་ཀྲུང་དབྱང་དངུལ་ཁང་གི་གྲངས་གཞིར་བཟུང་བྲིས་པའི་སྙན་ཞུ་ཞིག་ནང་བསྟན་དོན། 2023ལོར་འཇར་མན་གྱིས་ཀྲུང་གོར་ཐད་ཀར་མ་དངུལ་བཏང་བའི་དངུལ་འབོར་ཟིན་ཐོ་ལས་བརྒལ་བའི་ཡོ་སྒོར་དུང་ཕྱུར་119ཟིན་ཏེ་དུས་མཚུངས་ལས་4.3%འཕར་ཡོད་པ་རེད།