འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དཔྱིད་གསར་གྱི་གནའ་བོའི་སྒྲ་སྙན་གྱི་རོལ་དབྱངས་འདུ་ཚོགས་པེར་ལིན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་བདེ་བླག་ངང་གཉེར་བ་རེད། ཀྲུང་གོ་དང་འཇར་མན་གྱི་སྐུ་མགྲོན་200ཙམ་རོལ་དབྱངས་འདུ་ཚོགས་ལ་ཞུགས་ནས་གནའ་བོའི་སྒྲ་སྙན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐུན་མོང་ཐོག་ཉམས་ལེན་བྱས་ཏེ་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།