《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月23日

འབྲི་ཆུའི་འགག་གསུམ་གྱི་བྱང་རྒྱུད་གྲུ་འགག་ལ་2024ལོའི་འཆར་གཞིའི་རང་བཞིན་གྱི་ཞིབ་བཤེར་བཟོ་བཅོས་རྒྱག་འགོ་ཚུགས་པ།

ཟླ་2ཚེས་21ཉིན། འབྲི་ཆུའི་འགག་གསུམ་གྱི་བྱང་རྒྱུད་གྲུ་འགག་ལ་2024ལོའི་ལོ་འཁོར་གྱི་འཆར་གཞིའི་རང་བཞིན་གྱི་གྲུ་གཏོང་མཚམས་བཞག་ནས་ཞིབ་བཤེར་བཟོ་བཅོས་རྒྱག་འགོ་ཚུགས་པ་རེད། ད་ཐེངས་ཞིབ་བཤེར་བཟོ་བཅོས་རྒྱག་ཡུན་ཉིན་45ཡིན་པ་དང་འཆར་གཞི་བྱས་ན་ཟླ་4ཚེས་6ཉིན་གྲུ་གཏོང་རྒྱུ་ཡིན་པ་རེད།

འབྲི་ཆུའི་འགག་གསུམ་གྱི་གྲུ་འགག་ནས་ལོ་འཁོར་མོར་ཉིན་མཚན་དབྱེར་མེད་དུ་གྲུ་གཏོང་གི་ཡོད་པ་རེད། སྒྲིག་ཆས་ཁག་གཅིག་ཡུན་རིང་ཆུའི་ནང་དུ་འཁོར་སྐྱོད་བྱེད་དགོས་པས་དུས་བཀག་ནང་གྲུ་གཏོང་མཚམས་བཞག་ནས་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་འཁོར་སྐྱོད་བརྟན་པོ་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཀྱི་ཡོད་པ་རེད།

འདི་ནི་ཟླ་2ཚེས་21ཉིན་ཧུའུ་པེ་དབྱི་ཁྲང་དུ་བཟོ་པས་འབྲི་ཆུའི་འགག་གསུམ་གྱི་བྱང་རྒྱུད་གྲུ་འགག་ནང་ལོགས་ལ་ཞིབ་བཤེར་བཟོ་བཅོས་བྱེད་བཞིན་པ།

འདི་ནི་ཟླ་2ཚེས་21ཉིན་འབྲི་ཆུའི་འགག་གསུམ་གྱི་བྱང་རྒྱུད་གྲུ་འགག་ལ་ཞིབ་བཤེར་བཟོ་བཅོས་བྱེད་བཞིན་པ།