《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月23日

ལོ་ངོ་བརྒྱ་ལྷག་ཙམ་གྱི་རྗེས་སུ་མཚན་མོའི་སློབ་གྲྭར་སྐྱོད་པའི་ཚ་རླབས་ཤིག་སླར་ཡང་འཕྱུར་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཧོན། ཝུའེ་ཀོན་ཡུས།

ད་ཆ་མཚན་མོའི་སློབ་གྲྭར་འགྲོ་མཁན་ཇེ་མང་དུ་སོང་ཡོད།

ཅང་སུའུ་ཡི་ས་ཆ་མང་པོ་ཞིག་གི་གཞོན་ནུའི་མཚན་མོའི་སློབ་གྲྭའི་སློབ་ཁང་500ལྷག་ཙམ་ནང་གཞོན་ནུ་4000ལྷག་ཙམ་སློབ་སྦྱོང་བྱེད་པར་སླེབས་ཡོད། སློབ་ཚན་ཁག་9དྲ་ཐོག་ཏུ་བཀོད་སྒྲིག་བྱས་མ་ཐག་ཚང་མས་ཧབ་ཐོབ་བརྒྱབ་ཡོད། ཝུའུ་ཧན་གྱི་སྤྱི་ཕན་གཞོན་ནུའི་མཚན་མོའི་སློབ་གྲྭ་ཁག་དང་པོ་སྤྱོད་འགོ་ཚུགས་མ་ཐག་སློབ་སྦྱོང་བྱེད་པར་ཡོང་མཁན་གྱིས་ཁེངས། སློབ་ཚན་ཁག་382ལ་དོ་ཁུར་བྱེད་མཁན་དྲ་གྲོགས་ཁྲི་65ཟིན་ཞིང་། ན་ནིང་སྟོན་ཁར་སྦྱངས་འབྲས་གཟེངས་སུ་ཐོན་པའི་ཧྲང་ཧའེ་གྲོང་མིའི་སྒྱུ་རྩལ་མཚན་མོའི་སློབ་གྲྭས་ཟླ་2ཚེས་27ཉིན་སླར་ཡང་ལོ་གསར་པའི་དཔྱིད་དུས་སློབ་ཚན་ཁྱབ་བསྒྲགས་བྱ་རྒྱུ་རེད།

“ཉིན་མོ་ལས་ཀར་སྐྱོད་པ་དང་མཚན་མོ་སློབ་སྦྱོང་བྱེད་པ”དེ་ཀྲུང་གོའི་ལུགས་ཀྱི་མཚན་མོའི་འཚོ་བའི་མིང་བྱང་ལྟ་བུར་གྱུར་བཞིན་ཡོད།

མཚན་མོའི་སློབ་གྲྭ་ནི་རྣམ་པ་གསར་པ་ཞིག་མིན་པར་བཟོ་ལས་གསར་བརྗེ་ནས་འགོ་བཙུགས་པ་དང་དེའི་དམིགས་ཡུལ་ནི་ལས་ཀ་དང་སློབ་སྦྱོང་དབར་གྱི་འགལ་བ་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་དང་ལས་བཟོས་རང་ངོས་ཀྱི་རྩལ་ནུས་ཆེ་རུ་གཏོང་བའི་མཚན་མོའི་སློབ་གྲྭ་རེད། དུས་རབས་20པའི་ལོ་རབས་20པར་ས་གནས་ཁག་གི་ཐོག་མའི་ཏང་རྩ་འཛུགས་ཀྱིས་བཟོ་པའི་མཚན་མོའི་སློབ་གྲྭ་བཙུགས་ཏེ་བཟོ་པའི་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བ་ནས་འགོ་བརྩམས་ཏེ་བཟོ་པའི་གྲལ་རིམ་གྱི་གོ་རྟོགས་སད་དུ་བཅུག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ལོ་རབས་ལྔ་བཅུ་དང་དྲུག་ཅུ་པའི་སྐབས་ཡིག་རྩིས་དང་ཐོན་སྐྱེད་ལག་རྩལ་ནས་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པའི་སྐབས་སྐྲ་བཞར་དང་ཆེད་ལས་སློབ་གསོ་དང་དེ་ནས་དུས་རབས་འབྲེལ་མཚམས་ཀྱི་གློག་ཀླད་དང་ཕྱི་རྒྱལ་གྱི་སྐད་ཡིག་སྣ་ཚོགས་སོགས་བར་མཚན་མོའི་སློབ་གྲྭས་སྐབས་རིམ་བྱུང་གི་ན་གཞོན་ཚོའི་ཤེས་བྱ་གསར་བརྗེས་དང་ལས་ཀའི་འཇོན་ཐང་ཆེ་རུ་བཏང་ཡོད།

དགའ་ཕྱོགས་ལ་བརྟེན་ནས་སྤྱི་ཚོགས་དང་འབྲེལ་བ་བྱེད་མི་ཕོད་མཁན་ལ་སྤྱི་ཚོགས་འབྲེལ་བའི་རྣམ་པ་གསར་པ་བཏོད་པ།

“ང་དང་མཉམ་དུ་རྔ་ཆེན་སྦྱོང་མཁན་ལོ་བདུན་ཅུ་བརྒྱད་ཅུར་སླེབས་པའི་རྒན་རྒོན་གྱི་རོལ་ཆ་ཚོགས་པའི་རྨོ་བོ་ལགས་ཅིག་ཡོད། ཁོང་གིས་རྟག་ཏུ་རྒན་ལགས་ལ་རོལ་ཆ་ཚོགས་པའི་གླུ་གཞས་ལ་གདངས་དང་ཚིག་བཟོ་རུ་འཇུག་གི་ཡོད། གཞས་དེ་དག་ལ་འཕེན་ལྕག་མེད་པས་རྒན་ལགས་མགོ་བོ་ན་དགོས་པ་བཟོ་གི་ཡོད”ཅེས་པེ་ཅིང་དྲ་སྦྲེལ་ཀུང་སི་ཞིག་གི་ལས་མི་ལི་ཞའོ་ལིས་བཤད། རོལ་ཆ་མཉམ་དཀྲོལ་ལ་དགའ་པོ་ཡོད་མཁན་ཚོར་ལོ་ཚད་ཀྱི་དབྱེ་མཚམས་མེད་ལ་མི་རབས་བར་གྱི་ཁྱད་པར་ཡང་མེད།

དགའ་ཕྱོགས་ནི་ཚོགས་སྤྱི་རིགས་དབྱེ་བའི་ཡོ་ཆས་ཡིན། ཀྲུང་དབྱང་མི་རིགས་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་གི་གཞོན་ནུ་འཆད་ཁྲིད་དགེ་རྒན་ཧྥན་ཡེ་ཁྲའོ་ཡིས། མཚན་མོའི་སློབ་གྲྭས་ཆེད་མངགས་བྱེད་སྒོ་སྤེལ་ཡུལ་དང་ཆེད་ལས་སྒྲིག་ཆས་མཁོ་འདོན་བྱས་ནས་དགའ་ཕྱོགས་གཅིག་པའི་གྲོང་ཁྱེར་གྱི་མི་ཚོགས་ལ་སྤྱི་ཚོགས་འབྲེལ་བའི་བར་མཐོངས་ཤིག་བཏོད་དེ་དགའ་ཕྱོགས་གཅིག་པའི་ལས་དབང་ཚོགས་སྤྱི་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། དྲ་ཐོག་གི་དགའ་ཕྱོགས་ཚོགས་སྤྱི་འཁྲུག་ཆ་ཅི་འདྲ་དོད་ཀྱང་དྲ་ཕྱིའི་མཉམ་འགུལ་གྱི་བརྩེ་སེམས་ཀྱི་ཚབ་བྱེད་ཐབས་བྲལ་བས། མི་རྣམས་ཀྱིས་སྔར་བཞིན་བློ་ཁ་མཐུན་པའི་མི་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གཏིང་ཟབ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།

མཚན་མོའི་སློབ་གྲྭ་ནི་འཚོ་བའི་རང་འགུལ་དབང་ཆ་སྤྱོད་པའི་ཁོར་ཡུག་ཆེན་པོ་ཞིག་དང་མཚུངས།

ལས་ཀ་ཉིན་མོ་ཁོ་ནར་བྱེད་དགོས་པ་སུས་བརྗོད་དམ། “ན་གཞོན་ལ་ལས་མཚན་མོའི་སློབ་གྲྭ་གཉེར་རྒྱུ་དེ་རང་བརྟེན་ལས་གཏོད་ཀྱི་ཐབས་ལམ་དུ་བརྩི་བ་དང་། ལ་ལས་མཚན་མོའི་སློབ་གྲྭར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ལས་ཞུགས་ཀྱི་གོ་སྐབས་གསར་པ་ཐོབ་རེ་བྱེད་ཀྱི་ཡོད”ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲུའུ་ཁྲའོ་ཧུའེ་ཡིས་མཚན་མོའི་སློབ་གྲྭས་ལས་ཞུགས་ཀྱི་རྣམ་པ་རྒྱ་ཆེར་བཏང་ཡོད་ཅེས་ངོ་སྤྲོད་བྱས།

སློབ་གསོ་གསོ་སྦྱོང་ལས་ཁུངས་ཁ་ཤས་ཀྱིས་ཀྱང་རྣམ་པ་བསྒྱུར་འགོ་བརྩམས་ཡོད། ཀྲུང་གོ་སྤྱི་པའི་སློབ་གསོའི་ཁོངས་གཏོགས་ཀྱི་སྤུས་རྟགས་ཀྱིས་ཉེ་དུས་མཚན་མོའི་སློབ་གྲྭའི་སློབ་ཁང་བཙུགས་ནས་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། “མཚན་མོའི་སློབ་གྲྭའི་རྣམ་གྲངས་ཀྱིས་ན་གཞོན་ཚོར་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་སྣ་ཚོགས་ལ་སྐུལ་འདེད་གཏོང་བར་རོགས་རམ་ཐུབ་རེ་བྱེད་ཀྱི་ཡོད”ཅེས་འབྲེལ་ཡོད་ལས་སྒོའི་འགན་འཁུར་བ་ལེང་ལེ་ཡིས་བཤད།

མཚན་མོའི་སློབ་གྲྭར་སྐྱོད་མཁན་ལ་རྒྱུ་མཚན་སྣ་ཚོགས་ཡོད། “བསམ་ཚུལ་ཆུང་ངུ”དེ་དག་ནང་མཚན་མོའི་སློབ་གྲྭའི་ཁྲོམ་ར་ཆེན་པོ་ཡོད།

རིག་གནས་ཀྱིས་འཚོ་བར་སྤྲོ་སྣང་སྦྱིན་པ་དང་མཚན་མོའི་སློབ་གྲྭས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སྦྱོང་བར་གོ་སྐབས་བསྐྲུན་པ།

ཀྲུང་གོའི་སྲོལ་རྒྱུན་གྱི་ཇའི་སྒྱུ་རྩལ་དང་དེ་བཞིན་དེའི་འབྲེལ་ཡོད་གོམས་སྲོལ་ནི་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་མོད། འོན་ཀྱང་དུས་རྒྱུན་ཇ་འཐུང་བའི་སྐབས་རིག་གནས་ཀྱི་ཉམས་འགྱུར་དེ་ཙམ་འདང་གི་མེད། “མཚན་མོའི་སློབ་གྲྭ་བརྒྱུད་ཇའི་སྒྱུ་རྩལ་དེ་ད་ཆ་ངའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་སོང”ཞེས་ཞའོ་ཐུའུ་ཡིས་བཤད།

“ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་བྱེད་པར་སྔོན་རབས་པའི་གསར་གཏོད་ལ་སྲུང་སྐྱོང་ཞིབ་ཚགས་བྱེད་དགོས་ལ། མི་དེ་བས་མང་བ་ཞུགས་སུའང་འཇུག་དགོས” པེ་ཅིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་བཀོད་སྒྲིག་བྱས་པའི་མཚན་མོའི་སློབ་གྲྭ་ཞིག་གི་འགན་འཁུར་བས། སློབ་ཚན་དྲ་ཐོག་ཏུ་བཀོད་སྒྲིག་བྱས་མ་ཐག་ཚང་མས་ཧབ་ཐོབ་རྒྱག་གི་འདུག“ཕལ་ཆེར་ཚང་མ‘མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ’ཞིག་བྱེད་འདོད་ཡོད་པ་འདྲ”ཞེས་བཤད།

“མཐོ་སློབ་ཀྱིས་སློབ་མ་བསྡུ་མང་དུ་བཏང་རྗེས། རང་རྒྱལ་གྱི་མཐོ་སློབ་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་60%ཙམ་ཟིན་ནས་མི་དེ་བས་མང་བ་མཐོ་སློབ་ཏུ་སློབ་གཉེར་ཐུབ་ཀྱི་ཡོད” ཁྲུའུ་ཁྲའོ་ཧུའེ་ཡིས། ང་ཚོ་ཐའོ་ཤིང་ཀྲེ་ཡི་འཚོ་བ་ནི་སློབ་གསོ་དང་སྤྱི་ཚོགས་ཡིན་ལ། སློབ་གྲྭ་ཡང་ཡིན་པའི་འདུ་ཤེས་དང་ཐག་ཇེ་ཉེར་ཕྱིན་ཡོད། “ད་ཆ་མཚན་མོའི་སློབ་གྲྭ་སྟབས་བདེ་ཅན་དུ་གྱུར་ཡོད་ལ། སློབ་ཁྲིད་ཀྱི་ནང་དོན་ཡང་མང་ཆེ་བ་སྤྲོ་གསེང་ལག་ལེན་གྱི་རྩལ་ནུས་ཡིན་པས། དེ་ནི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གདམ་ག་མང་དུ་གཏོང་བ། བདེ་སྐྱིད་ཚོར་བར་བྱེད་པ་བཅས་རེད”ཅེས་བཤད།

མཚན་མོའི་སློབ་གྲྭའི་འཁྲུག་ཆ་དོད་པའི་རྣམ་པར་བལྟས་ཚེ་ང་ཚོས་འབྱུང་འགྱུར་གྱི་སྤྱི་ཚོགས་འཚོ་བ་མཐོང་ཐུབ་སྟེ། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་ཤིག་དང་། དཀར་གསལ་གློག་སྒྲོན་གྱིས་ཁྲ་ཐིང་ངེར་སྣང་བའི་མཚན་མོའི་སློབ་ཁང་དག་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)