ང་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོ་ནས་ཡོང་བ་ཡིན། 2019ལོར་ཤིས་ཨན་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ཚོགས་པ་དང་ཀྲུང་གོའི་མཚོ་ཁུག་ཀུང་སིས་ངའི་ཕ་ཡུལ་དུ་པོ་ཀེ་ཐོ་ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་རྣམ་གྲངས་ཀུང་སི་བཙུགས་པ་རེད། 2023ལོའི་ཟླ་9པར། ང་ཀུང་སིའི་ཕྱི་རྒྱལ་གྱི་སློབ་མ་ཁག་དང་པོ་ཡིན་པས་ལས་རོགས་གཞན་དག་9དང་མཉམ་དུ་ཤིས་ཨན་དུ་དུས་ཡུན་ལོ་གཅིག་གི་ཆེད་ལས་སློབ་སྦྱོང་བྱེད་འགོ་བཙུགས་པ་ཡིན། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ངས་སྲོལ་རྒྱུན་གྱི་ཞིམ་ཟས་བཟོ་བ་དང་ཀོ་ཕིག་ཁྲང་ཞི་ཉམས་ལེན་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་བྱེད་སྒོར་ཞུགས་པ་དང་རོལ་དབྱངས་དང་བསྟུན་ནས་ཀོ་ཕིག་ཁྲང་ཞིའི་འཁྲབ་སྟོན་མྱོང་རོལ་བྱས་པ་ཡིན།