ལྒང་བཞུའི་འདུ་ཚོགས་དང་། ཚོང་འདུས་ལ་བསྐྱོད་པ། “བཀྲ་ཤིས”མཚོན་ཡིག་འབྲི་བ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཉམས་ལེན་བྱེད་པ་དང་དཔྱིད་གསར་བསུ་བའི་མཉམ་སྤྲོའི་འདུ་ཚོགས་ནང་ཞུགས་པ་ལ་སོགས། ཀྲུང་གོར་ཡོད་པའི་གྲོགས་པོ་ཕྱི་རྒྱལ་བ་མང་པོ་ཞིག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། སྣ་མང་རིག་གནས་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱས་པ་དང་ཕན་ཚུན་མཉམ་འདྲེས་ཀྱི་ཁྲོད་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད།