2024ལོར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་2023ལོའི་ཟླ་4ཚེས་13ཉིན་ཤར་གཏོང་ཐུབ་ཚུན་གྱི་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་བསུས་ཡོད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ལ་བསྡད་དེ་རྒྱལ་མཚམས་བསྒྲལ་ནས་ཡུལ་སྐོར་དུ་བསྐྱོད་པས་ལོ་སིའི་ལམ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་ཕྱིན་ཡོད་པ་རེད། འདི་ནི་ཡུན་ནན་ཁུན་མིང་དུ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ལ་བསྡད་དེ་ལོ་སིར་སྐྱོད་མཁན་ཡུལ་སྐོར་བས་མེ་འཁོར་སྤ་སེ་སྟོན་བཞིན་པ།