ཐུང་ཁྲེང་ཧུའེ་ལུང་ལུས་རྩལ་མཁོ་ཆས་ཚད་ཡོད་ཀུང་སིས་གཙོ་བོ་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་སོགས་ཀྱི་ལུས་རྩལ་མཁོ་ཆས་ཐོན་སྐྱེད་དང་ཚོང་གི་ཡོད། ཀུང་སིས“རྒྱུད་གཅིག་ལམ་གཅིག”ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་ར་བཏོད་པས་ཐོན་རྫས་ཨེ་ཤེ་ཡ་ཤར་ལྷོའི་ཝེ་ཐེ་ནམ་དང་ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཏུ་བྲིན་ཁ་རྒྱུག་པོ་བྱུང་བ་དང་ཕྱིར་གཏོང་མངགས་ཐོ་འདི་ལོའི་ཟླ་6པའི་བར་ཡོད་པས་ས་གནས་དེ་གའི་བུད་མེད་300སྒོ་རྩར་ལས་ཞུགས་ཐུབ་ཡོད། འདི་ནི་2024ལོའི་ཟླ་2ཚེས་19ཉིན། ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཐུང་ཁྲེང་རྫོང་ཕིང་ཧྲན་མཐོ་གསར་ལག་རྩལ་གསོ་སྐྱོང་གླིང་ཧུའུ་པེ་ཧུའེ་ལུང་ལུས་རྩལ་མཁོ་ཆས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པས་ལས་དུས་འཕར་མ་བརྒྱབ་ནས་ཕྱིར་གཏོང་མངགས་ཐོ་བཟོ་བཞིན་པ།