《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月21日

2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་།

རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་80.16དང་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་1.63ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང(2024ལོའི་ཟླ་2ཚེས་10ཉིན་ནས་ཟླ་2ཚེས་17ཉིན་བར)རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་80.16དང་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་1.63ཟིན་ནས་2023ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་སྤ་སེ་བཙོངས་པའི་ཡོང་འབབ་དང་མི་ཐེངས་དང་བསྡུར་ན་18.47%དང་26.36%སོ་སོར་འཕར་ནས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

2024ལོའི་ཟླ་2ཚེས་18ཉིན་གྱི་ཆུ་ཚོད་9:30བར་ལོ་ཧྲིལ་པོར་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་110.81ཟིན་པ་དང་རང་རྒྱལ་གྱིས་བཟོས་པའི་གློག་བརྙན་གྱི་སྤ་སེ་བཙོངས་པའི་ཡོང་འབབ་ཀྱིས་96.75%བཟུང་ཡོད།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གློག་བརྙན་ཁྲོམ་ར་འཁྲུག་ཆ་དོད་ཅིང་གུང་གསེང་རིང་རིག་གནས་ཀྱི་རྣམ་པ་ཟབ་མོ་མངོན་པ་མ་ཟད། དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་བཏོད་དེ་གློག་བརྙན་ཐོན་ལས་བསྐྱར་འཕར་གྱི་རྣམ་པ་སྔར་བས་བརྟན་དུ་ཕྱིན་ཡོད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)