《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月20日

ཀྲུང་གོའི་ཞིང་འཕྲུལ་གྱིས་པར་ཙིར་གྱི་ཁྱིམ་ཚང་ཞིང་ལས་འཕྲུལ་ཆས་ཅན་ལ་རམ་འདེགས་བྱས་པ།

ཉེ་ཆར། ཀྲུང་གོ་དང་པར་ཙིར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་མཉམ་ལས་དཔེ་སྟོན་རྣམ་གྲངས་ལག་བསྟར་མཛད་སྒོ་པར་ཙིར་གྱི་ཨ་པོ་ཏི་གྲོང་ཁྱེར་དུ་འཚོགས་ཤིང་། ཁག་དང་པོའི་ཀྲུང་གོའི་ཞིང་འཕྲུལ་ཁེ་ལས་7གྱི་སྒྲིག་ཆས་31པར་ཙིར་གྱི་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩ་འཛུགས་ལ་དངོས་སུ་སྤྲད་པ་རེད། འདི་ནི་པར་ཙིར་གྱི་ཨ་པོ་ཏི་གྲོང་ཁྱེར་དུ་སྐྱེས་པ་ཞིག་གིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཞིང་འཕྲུལ་ཐོག་བསྡད་དེ་མོས་བསྟོད་བྱེད་བཞིན་པ།